མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་ནས་ཧང་ཀྲོའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-25 10:18

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས16ཉིན་གྱི་ཆུ་ཚོད8དང་སྐར་མ50ལ།ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་ལན་གྲངས་MU5656དེ་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནས་བདེ་འཇགས་ངང་ཡར་འཕུར་བ་དེ།སེམས་ཀྱི་ཉི་ཟླ་ནས་ཧང་ཀྲོའུ་བར་གྱི་འགྲོ་འོང་གི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་པ་རེད།

བདེ་ཆེན་སེམས་ཀྱི་ཉི་ཟླ་ནས་ཧང་ཀྲོའུ་(ལམ་བར་ཁུན་མིང་དུ་འཕུར་མཚམས་འཇོག་པ)བར་གྱི་འགྲོ་འོང་གི་མཁའ་ལམ་ནི་ཉིན་རེར་རྒྱུན་ཚིགས་གནམ་གྲུ་ཐེངས་གཅིག་གཏོང་ཞིང་།གནམ་གྲུའི་བཟོ་དབྱིབས་ནི་རླབས་སྒྲ737-700ཡིན བདེ་ཆེན་ལ་ཡར་འཕུར་བའི་དུས་ཚོད་ནི་ཆུ་ཚོད་8དང་སྐར་མ་50ཡིན་ལ།ཧང་ཀྲོའུ་ལ་ཡར་འཕུར་བའི་དུས་ཚོད་ནི་ཆུ་ཚོད་14དང་སྐར་མ་40ཡིན།འཕུར་སྐྱོད་ཀྱི་དུས་ཚོད་ནི་(ལམ་བར་འཕུར་མཚམས་འཇོག་པའི་དུས་ཚོད་མི་འདུ་བ)ཁྱོན་བསྡོམས་ཆུ་ཚོད་གསུམ་དང་སྐར་མ་སུམ་ཅུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག