མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས་ཀྱིས་དངུལ་ཁང་ལས་རིགས་ཀྱིས་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལ་རོགས་སྐྱོར་བྱེད་པར་སྣེ་ཁྲིད་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-25 10:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “8·28” དང་“8·31”ས་འགུལ་བྱུང་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས་ཀྱིས་དུས་ཐོག་ཏུ་དངུལ་ཁང་ལས་ཁུངས་སོ་སོའི་གཙོ་འགན་འཁུར་མཁན་གྱིས་སྒྲིག་འཛུགས་བྱས་པའི་བདེ་ཆེན་དངུལ་ཁང་ལས་རིགས་ཀྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་བཙུགས་ནས།མངའ་ཁོངས་ནང་གི་དངུལ་རྩའི་ལས་ཁུངས་ཀྱིས་གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།དུས་མཚུངས་སུ་ཡུན་ནན་དངུལ་ཁང་ལས་རིགས་ལྟ་སྐུལ་ཅུས་ཀྱི་མཐོང་ཆེན་ཐོབ་པ་རེད།

ཤེས་གསལ་བྱུང་དོན།ས་འགུལ་གྱིས་བདེ་ཆེན་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས་ཀྱི་ལས་བྱེད་མི་སྣ་མང་ཤོས་ཀྱི་ཁང་པ་ལ་གནོད་སྐྱོན་བྱུང་བ།བཟོ་ཚོང་དངུལ་ཁང་དང་།ཞིང་ལས་དངུལ་ཁང་།འཛུགས་སྐྲུན་དངུལ་ཁང་།གྲོང་རྡལ་དངུལ་ཁང་སོགས་ལས་ཁུངས་ཀྱི་ཁང་པ་འགའ་ཤས་ལ་གས་སྲུབས་བྱུང་བ་དང་།གྲོང་གསེབ་ཡིད་རྟོན་ཁང་གི་ཚོང་གཉེར་ས་ཚིགས་མང་ཤོས་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་བྱུང་བ་རེད།

གནོད་སྐྱོན་བྱུང་ཁུལ་དུ་ཞུགས་ནས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་པ།བདེ་ཆེན་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས་ཀྱི་འགོ་ཁྲིད་སྔ་རྗེས་སུ་གནོད་སྐྱོན་བྱུང་ཁུལ་དུ་ཐེངས4ཞུགས་ནས།གནོད་སྐྱོན་བྱུང་བའི་ཞིང་དུད་1800ལྷག་གི་ཞིང་དུད་རེ་ལ་ཆ་སྙོམས་ཀྱི་དངུལ་བུན་སྒོར་ཁྲི6དགོས་པའི་བླང་བྱར་གཞིགས་ཏེ།མཐུན་སྦྱོར་དང་སློབ་ཁྲིད་བྱས་པ་རེད།

སྟོབས་ཤུགས་གཅིག་བསྡུས་བྱས་ནས་གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་ལ་རོགས་སྐྱོར་བྱས་པ།བདེ་ཆེན་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས་ཀྱིས་གནོད་ཐེབས་ས་ཁུལ་ལ་འཚམས་འདྲིའི་མ་དངུལ་སྒོར7000བཏང་བ་དང་།ཡན་ལག་ཅུས་ཀྱིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གནོད་ཐེབས་མང་ཚོགས་ལ་དངུལ་གྱི་ཞལ་འདེབས་ཕུལ་ཞིང་།མིག་སྔར།མ་དངུལ་སྒོར259880དང་འབྲས་ཏུན5གྲབས་གསོག་བྱས་ཡོད་དེ།གནོད་ཐེབས་ས་ཁུལ་གྱི་བསྐྱར་སྐྲུན་ལ་ནུས་པ་ཕྲན་བུ་ཞིག་ཕུལ་ཡོད།

ཧུར་ཐག་གིས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་དངུལ་རྩའི་ཞབས་འདེགས་ཞུས་པ།བདེ་ཆེན་དངུལ་ཁང་ལས་རིགས་ལྟ་སྐུལ་ཡན་ལག་ཅུས་ཀྱི་ཏང་ཨུའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་གནོད་ཐེབས་ས་ཁུལ་དུ་འབྱོར་ཏེ་གནོད་ཐེབས་མང་ཚོགས་ཀྱིས་དངུལ་རྩའི་ཞབས་འདེགས་ཀྱི་དགོས་མཁོ་གོ་རྟོགས་བྱུང་ནས།གནས་སྐབས་ཀྱི་ཞབས་འདེགས་ཞུ་བའི་ས་ཚིགས་དང་འགུལ་སྐྱོད་ཞབས་འདེགས་ཞུས་པ།ལག་པས་རྩིས་ཐོ་འགོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡོམ་འགོག་རྒུད་སྐྱོབ་ཀྱི་དངུལ་རྩའི་ཞབས་འདེགས་ཞུས་ཏེ།གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག