མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་མང་ཚོགས་ཀྱི་གནད་དོན104ཐག་གཅོད་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-25 10:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་སྤེལ་བའི“ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དྲིལ་བསྒྲགས་བྱས་ཤིང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ལས་བྱེད་པ་སྟོང་ཚོས་གཞི་རིམ་དུ་ཕྱིན་ནས་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི”བྱ་འགུལ་ཁྲོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི“སྟོང་སྐུལ”གཞུང་ལས་ཁང་གིས་གྲོང་གསེབ་ཏུ་ཕྱིན་པའི་ལས་བྱེད་པས་གྲོང་གསེབ་མང་ཚོགས་ཀྱིས་ཡར་ཞུས་བྱེད་པའི་གནད་དོན་དག་གསེད་བྱས་ཤིང་། ཤང་དང་གྲོང་རྡལ་གྱི་ཞིབ་དཔྱད་བྱས་མཐར། རྫོང་ཡོངས་ཀྱིས་ཡར་ཞུས་བྱས་པའི་ཐག་གཅོད་དགོས་ངེས་ཀྱི་གནད་དོན་104ཡོད་པ་དག་འབྲེལ་ཡོད་སྡེ་ཁག་ལ་སྤྲོད་ནས་ཐག་གཅོད་བྱས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ཟླ་8པའི་ཟླ་མཇུག་ཚུན་དུ། རྩ་འཛུགས་པུའུ་དང་། དྲིལ་བསྒྲགས་པུའུ། ཆུ་དོན་ཅུས། ནོར་སྲིད་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས། དམངས་སྲིད་ཅུས། ཞིང་ལས་ཚན་རྩལ་ཅུས། འགྲིམ་འགྲུལ་ཅུས། རིག་གནས་ལུས་རྩལ་ཅུས། གློག་དྲ་ཀུང་སི། དབུལ་སྐྱོར་གཞུང་ལས་ཁང་། ནགས་ལས་ཅུས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། པའོ་ཧོ་གྲོང་རྡལ་གྱི་སྲིད་གཞུང་། ཁམས་ཕུ་ཤང་སྲིད་གཞུང་བཅས་ཀྱིས་སྣེ་ཁྲིད་བྱས་ནས་པའོ་ཧོ་གྲོང་རྡལ་ལ་བཞི་གྲོང་ཧྲི་ཀའོ་ཕོ་གྲོང་མི་ཚོ་ཆུང་གི་བཏུང་ཆུའི་ཨར་ལས་བསྒྲུབས་ཚར་བ་དང་། དེ་མིན་གཞན་གྱི་བཏུང་ཆུ་དང་རླངས་འཁོར་བཞག་ས། གྱང་སྐོར། གཞུང་ལམ་བཅས་ཐག་གཅོད་དགོས་ངེས་ཀྱི་གནད་དོན་59ཐག་གཅོད་བྱས་ཚར་བ་རེད། ད་དུང་གནད་དོན་19སྒྲུབ་གཉེར་བྱེད་བཞིན་པ་དང་། གནད་དོན་26ནི་ད་དུང་སྦྲེལ་འཐུད་བྱེད་བཞིན་པ་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག