མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཀྱི་གསུང་བཤད་སྙིང་དོན་ལ་ཐུན་མོང་དུ་སློབ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-24 10:41

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་བསམ་བློ་རིག་གནས་དྲིལ་བསྒྲགས་མ་ལག་གི་ལས་བྱེད་མི་སྣ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཀྱིས་རྒྱལ་ཡོངས་བསམ་བློ་དྲིལ་བསྒྲགས་ལས་དོན་གྱི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་སྙིང་དོན་ལ་ཐུན་མོང་དུ་སློབ་སྦྱོང་བྱས་པ་དང་།དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ་གཏིང་ཟབ་ཀྱི་ངང་ནས་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད།

རྒྱལ་ཡོངས་བསམ་བློ་དྲིལ་བསྒྲགས་ལས་དོན་གྱི་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཀྱིས་ཟླ8པའི་ཚེས19ཉིན་གྱི་གལ་ཆེའི་གསུང་བཤད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཀྱི་ཐོག་ཏུ་ལངས་ནས།གཏིང་ཟབ་ཀྱིས་བསམ་བློའི་དྲིལ་བསྒྲགས་ཀྱི་ལས་ཀའི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་རབ་དང་རིམ་པའི་གལ་ཆེའི་རིགས་གཞུང་གི་གནད་དོན་དང་དངོས་ཡོད་ཀྱི་གནད་དོན་ལ་རྒྱས་བཤད་བྱས་པ་དང་།རབ་དང་རིམ་པའི་སྒོ་ནས་བསམ་བློ་གསར་བ་དང་ལྟ་སྟངས་གསར་བ།བླང་བྱ་གསར་བ་འདོན་ནས།གོམ་གང་མདུན་སྤོས་ཀྱིས་རྣམ་པ་གསར་བའི་བསམ་བློ་དྲིལ་བསྒྲགས་ལས་ཀའི་ཁ་ཕྱོགས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ།རྨང་གཞིའི་བརྩི་སྲུང་བཅས་གཏན་འཁེལ་བྱས་པ་རེད།ཐབས་ཇུས་རང་བཞིན་དང་རྒྱང་ལྟ་རང་བཞིན།དམིགས་སའི་རང་བཞིན་དང་ཁྲིད་སྟོན་རང་བཞིན་དྲག་པོ་ལྡན་ཡོད་ལ།རྣམ་པ་གསར་བའི་བསམ་བློ་དྲིལ་བསྒྲགས་ཀྱི་ལས་ཀ་ལེགས་གྲུབ་བྱུང་བའི་རྩ་འཛིན་རང་བཞིན་ཅན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན།

ཚང་མས་གཅིག་མཐུན་གྱིས་བསམ་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཀྱི་ཟླ8པའི་ཚེས19ཉིན་གྱི་གལ་ཆེའི་གསུང་བཤད་སྙིང་དོན་ལ་སྦྱང་བ་མཐར་ཕྱིན་བྱེད་དགོས་པ་དང་།རང་ཉིད་ཀྱི་ལས་ཀ་དངོས་དང་ཟུང་འབྲེལ་བྱས་ཏེ།མི་ལྡང་བ་བཙལ་ནས་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་གསར་བ་དང་བྱེད་སྟངས་གསར་བ་འདོན་པ་དང་།ས་སྲུང་འགན་ཡོད་དང་ས་སྲུང་འགན་འཁུར།གང་ནུས་ཀྱིས་འཇོལ་རྫོང་གི་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་ལས་ཀའི་རྣམ་པ་གསར་བ་ཧུར་ཐག་གིས་གསར་གཏོད་བྱེད་དགོས་པ་རེད།

ཐེངས་འདིའི་ཐུན་མོང་གི་སློབ་སྦྱོང་དུ་འཇོལ་རྫོང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་མ་ལག་གི་ལས་བྱེད་མི་སྣ་ཡོངས་ཏེ་ཁྱོན་བསྡོམས་མི50ལྷག་ཞུགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག