མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་སྟོབས་ཤུགས་གཅིག་བསྡུས་སྒོས་གནོད་འགོག་རྒུད་སྐྱོབ་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-09-24 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་རིམ་པ་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས།  ནན་ཏན་སྒོས་བྱ་བ་སྣ་ཚོགས་སྒྲུབ་པ་དང་།  གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་སྟོབས་ཤུགས་ཡོད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་བརྩོན་ལེན་བྱས།  མིག་སྔར་ཤང་དང་གྲོང་རྡལ་སོ་སོའི་གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱིའི་བསྐྱར་འཛུགས་བྱ་བའི་ཚན་ཆུང་གིས་དུས་ཐོག་ཏུ་ཤང་དང་གྲོང་རྡལ།  སྡེ་མི་ཚན་ཆུང་སོ་སོ་སོང་ནས་རྣམ་པ་མི་གཅིག་པའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། ཐོན་སྐྱེད་རང་སྐྱོར་བྱ་བ་སྤེལ་བ་མ་ཟད། གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱས།  གཞན་ད་དུང་ཁུལ་དང་རྫོང་རིམ་པའི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གི་ཆེད་ལས་མཁས་པ30རྩ་འཛུགས་བྱས་ནས་རྫོང་ཡོངས་ཀྱི་གནོད་ཐེབས་སྡོད་ཁང་ལ་ཞིབ་བཤེར་བྱས་པ་དང་།  ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་འཛིན་བྱ་བ་ལེགས་པོ་སྒྲུབ་པ་དང་གནོད་འགོག་བསྐྱར་འཛུགས་ཀྱི་སྐབས་འདིར་ཚོང་ཟོག་རྫུན་མ་ཕྱིར་ཚོང་བྱེད་བཞིན་པའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ནན་མོ་བྱེད་པ་དང་།  སྤྱི་ཚོགས་ཀྱི་འགལ་ཟླ་སྣ་ཚོགས་སེལ་བ་སོགས་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་སྐུལ་མ་བཏང་སྟེ་བྱམས་སེམས་ཕུལ་བའི་བྱ་འགུལ་སྣ་ཚོགས་སྒྲུབ་པ་དང་།  གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ།  །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག