མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་དུ་གྲངས་ཉུང་མི་རིགས་ཀྱི་སློབ་ཆུང་ཡོངས་ནས་སྐད་གཉིས་སློབ་གསོ་བཀོད་སྒྲིག་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-09-24 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ9བའི་ཚེས22ཉིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་ཤེས་གསལ་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་སྐབས12པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བཞི་བའི་གྲོས་ཚོགས་སྟེང《ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་སྐུལ་སྤེལ་སྲོལ་ཡིག》ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད་པ་བརྒྱུད།  སྤྱི་ཟླ10བའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།  སྲོལ་ཡིག་ལག་བསྟར་བྱས་པ་དེས་ཡུན་ནན་ཞིང་ཆེན་གྱི་མི་རིགས་སློབ་གསོ་ཐད་བཅའ་ཁྲིམས་ཕྱོགས་ནས་ཁོངས་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་དང་།  མི་རིགས་སློབ་གསོའི་བྱ་གཞག་ཚད་ལྡན་ཅན་དང་བཅའ་ཁྲིམས་ཅན་གྱི་བགྲོད་ལམ་སྟེང་སྙེགས་འགོ་བརྩམས་པ་མཚོན། 

 སྲོལ་ཡིག་ལ་དོན་ཚན5དང་ལེའུ27ཡོད་པ་དང་། སློབ་གསོ་ཕྱོགས་ཀྱི་འགྲོ་སོང་དང་སློབ་གསོ་སྒྲུབ་སྟངས། སློབ་གསོའི་འགན་སྲུང་སོགས་ནང་དོན་མང་པོ་འདུས།  དེའི་ནང་ཆེད་དུ་གླེང་དགོས་པ་ཞིག་ནི་སྲོལ་ཡིག་ལས་སྐད་གཉིས་སློབ་གསོ་སྐུལ་སྤེལ་བྱེད་པར་གཏན་འཁེལ་གསལ་བོ་བྱས་ཡོད་ལ།  རྒྱ་སྐད་བེད་སྤྱོད་བྱེད་ཀྱིན་མེད་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་སྐད་གཉིས་བྱིས་གཉོར་ཁང་འཛུགས་རྒྱུ་དང་།  སློབ་ཆུང་སྐབས་སུ་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ཁྱད་ཆོས་དང་འཚམ་པའི་སྐད་གཉིས་སློབ་ཁྲིད་བཀོད་སྒྲིག་བྱེད་རྒྱུ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག