མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ས་ཁུལ་དུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-24 10:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གནོད་ཐེབས་མང་ཚོགས་རྣམས་ལ་དགའ་བདེའི་དཔལ་ལ་རོལ་བའི་ཟླ་མཆོད་དུས་ཆེན་ཞིག་རོལ་ཐུབ་ཆེད། སྤྱི་ཟླ9པའི་ཚེས་19ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྫོང་ཨུ་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན།རྫོང་སྲིད་གཞུང་།རྫོང་སྲིད་གྲོས་སོགས་ཀྱི་འགོ་ཁྲིད་ཀྱིས་ཚོ་བགོས་ནས་ཉི་ཤར་ཤང་བདེ་སྐྱིད་གྲོང་སྡེ་དང་།སྐད་ཚགས་ཤང་དམའ་ལུང་གྲོང་སྡེ་ཡི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་རུ་ཕེབས་ནས་དུས་ཆེན་གྱི་རྟེན་འབྲེལ་འབུལ་བ་རེད།

ཁུལ་ཨུའི་རྒྱུན་ཨུ་དང་སེམས་ཀྱི་ཉི་ཟླ་རྫོང་རྫོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་ལགས་ཀྱིས་བདེ་སྐྱིད་གྲོང་སྡེའི་ཧྲང་ཆོའི་ཐོའུ་དང་བྱིས་འདུག་སོགས་གྲོང་མིའི་ཚོ་ཆུང་གི་གནོད་ཐེབས་མང་ཚོགས་ལ་ཟླ་སྒོར་བག་ལེབ་དང་ཟས་སྣུམ་སོགས་ཟླ་མཆོད་དུས་ཆེན་གྱི་འཚམས་འདྲིའི་ལེགས་སྐྱེས་བསྐྱལ་ནས།གནོད་ཐེབས་མང་ཚོགས་ཀྱི་བདེ་སྡུག་འདྲི་བ་དང་།ཁོ་ཚོ་ལ་དུས་ཆེན་གྱི་འཚམས་འདྲི་བྱས་ནས།གནོད་ཐེབས་མང་ཚོགས་ལ་ཡིད་ཆེས་སྲ་བརྟན་དང་ཕན་ཚུན་རོགས་རམ་བྱས་ཏེ་དཀའ་ངལ་ལས་གྲོལ་བར་སྐུལ་མ་བཏང་བ་རེད།

ཉི་ཤར་ཤང་བདེ་སྐྱིད་གྲོང་སྡེའི་ཧྲང་ཆོའི་ཐོའུ་གནོད་ཐེབས་བཀོད་སྒྲིག་ས་གནས་ཀྱི་གྲོང་མི་རྣམས་ཀྱིས་ཡུས་ཧྲེང་ཞང་ལགས་ཀྱི་ལག་པ་འཇུ་བ་དང་དགའ་སྤྲོའི་མིག་ཆུ་འཁོར་ཏེ་ཏང་དང་སྲིད་གཞུང་གིས་ང་ཚོ་ལ་དངོས་ཟོག་མང་པོ་བསྐྱལ་ཡོང་བ་དང་།ཐེངས་འདིའི་ས་འགུལ་གྱིས་ང་ཚོ་ལ་གནོད་འཚེ་བཟོས་མོད།འོན་ཀྱང་མི་སེམས་ཧ་ཅང་དྲོ་བས།ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།བདེ་སྐྱིད་གྲོང་སྡེའི་ཡོམ་འགོག་རྒུད་སྐྱོབ་ཀྱི་བཀོད་འདོམས་པུའུ་རུ་ཡུས་ཧྲེང་ཞང་ལགས་ཀྱིས་བཀོས་འདོམས་པུའུ་ཡི་འགན་འཁུར་མི་སྣ་དང་གྲོང་སྡེའི་ལས་བྱེད་པ།གྲོང་སྡེར་གནས་སྡོད་ཀྱི་ལས་ཀའི་ཚོ་ཆུང་སོགས་ལ་ནུས་ཤུགས་ཡོད་དགུ་བཏོན་ནས་གནོད་ཐེབས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་སེལ་རོགས་བྱེད་དགོས་པ་དང་།གནོད་ཐེབས་མང་ཚོགས་ལ་ངེས་པར་དུ་ཟླ་མཆོད་དུས་ཆེན་སྐྱིད་པོ་ཞིག་རོལ་དུ་འཇུག་དགོས་ཞེས་བཅོལ་གཏམ་ནན་མོ་གནང་བ་རེད།

རི་བསྐོར་གཞུང་ལམ་བརྒྱུད་ནས་རྫོང་མཁར་དང་སྤྱི་ལེ60ཡོད་པའི་སྐད་ཚགས་ཤང་དམའ་ལུང་གྲོང་སྡེའི་རླུང་ཤར་གྲོང་མིའི་ཚོ་ཆུང་དུ་ཕེབས་རྗེས།རྫོང་དཔོན་ཞའོ་ཞུས་ལགས་ཀྱིས་སྣེ་ཁྲིད་པའི་འཚམས་འདྲིའི་ཚོ་ཆུང་གིས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུ་རུ་ཕེབས་པ་མ་ཟད།ཁང་པ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ཁྱིམ་ཚང་འགར་ལྟ་ཞིབ་གནང་བ་དང་།ཤང་ཏང་ཨུ་དང་སྲིད་གཞུང་གིས་མུ་མཐུད་དུ་ཡོམ་འགོག་རྒུད་སྐྱོབ་ཀྱི་འབྲེལ་ཡོད་ལས་ཀ་དམ་པོར་བཟུང་བ་དང་།དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་དང་མཐུན་སྒྲིལ་འབད་བརྩོན་གྱི་སྤྱོད་བཟང་མུ་མཐུད་དུ་དར་སྤེལ་བྱས་ནས།ཐོན་སྐྱེད་རང་སྐྱོབ་དང་ཁྱིམ་གཞིའི་བསྐྱར་འཛུགས་ཀྱི་ལས་ཀ་ལེགས་པོ་འགྲུབ་སྟེ།མཛེས་སྡུག་གི་ཁྱིམ་གཞི་བསྐྱར་འཛུགས་སྔ་ཙམ་བྱེད་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་འདོན་པ་རེད།

ཤེས་གསལ་བྱུང་བ་ལྟར་ན།ཐེངས་འདིའི་འཚམས་འདྲིའི་ཁྲོད་སེམས་ཀྱི་ཉི་ཟླ་རྫོང་གིས་ཁྱོན་བསྡོམས་གནས་སྤོར་བཀོད་སྒྲིག་ས་གནས་ཀྱི་ཁྱིམ་ཚང2800ཡི་མང་ཚོགས་ལ་ཟླ་སྒོར་བག་ལེབ་སྒམ་ཆུང2800དང་ཟས་སྣུམ་དམ་བུ8སྦྱིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག