མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཏ་ཅིན་ཉིག་སྡེ་ཚོགས་ཀྱིས་གནོད་སེལ་རྒུད་སྐྱོབ་བྱ་བར་ནུས་ཤུགས་ཡོད་ཚད་ཕུལ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-09-23 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཐེངས་གཉིས་ལ་ས་འགུལ་བྱུང་རྗེས། ཧོང་ཏ་ཅིན་ཉིག་སྡེ་ཚོགས་ཀྱིས་ནུས་ཤུགས་ཡོད་ཚད་ཕུལ་ཏེ་གནོད་སེལ་རྒུད་སྐྱོབ་བྱ་བ་སྒྲུབ། ཐོག་མར་གནོད་སེལ་རྒུད་སྐྱོབ་ཚན་ཆུང་བཙུགས་ཏེ། ལས་བཟོ་བར་ས་འགུལ་སྔོན་འགོག་བྱེད་པའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས། དུས་ཐོག་ཏུ་ཧོང་ཏ་མགྲོན་ཁང་དང་ཧོང་ཏ་མེ་ཏོག་ལྡུམ་རའི་མགྲོན་ཁང་སོགས་སྡེ་ཚོགས་ཀྱི་ཉོ་ཚོང་བྱེད་སའི་གནོད་འཚེ་ཐེབས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ད་དུང་གནོད་ཁུལ་ལས་བཟོ་བའི་ཁྱིམ་ཚང་གི་གནོད་འཚེ་ཐེབས་ཚུལ་བསྡུ་ལེན་བྱས། དེ་དང་མཉམ་དུ། ལས་བཟོ་བ་རྩ་འཛུགས་བྱས་ནས་གནོད་ཁུལ་ལ་སྒོར་སྟོང་བཞི་དགུ་བརྒྱ་ཞལ་འདེབས་སུ་ཕུལ་པ་དང་། སྡེ་ཚོགས་ཀྱི་སྒོར་ཁྲི་གསུམ་ཞལ་འདེབས་སུ་ཕུལ། ཀུང་ཟིས་གནས་ཚུལ་རྩད་གཅོད་བྱས་པས། ཀུང་ཟིའི་ནང་དུ་ཉིས་ཞིས་ཞང་དང་པིན་ཙི་ལན་གྲོང་རྡལ་གྱི་ལས་བཟོ་བའི་ཁྱིམ་ཚང་བཞི་ལ་གནོད་འཚེ་ཐེབས་པ་ཚབས་ཆེན་ཡིན་པ་ཤེས། ཀུང་ཟིས་གནོད་འཚེ་ཅུང་ཚབས་ཆེན་ཡིན་པའི་ལས་བཟོ་བའི་ཁྱིམ་ཚང་གཅིག་ལ་སྒོར་སྟོང་དགུ་དགུ་བརྒྱའི་རོགས་དངུལ་བྱིན་པ་དང་། གནོད་འཚེ་ཐེབས་མཁན་ཁྱིམ་ཚང་གསུམ་གྱི་ལས་བཟོ་བར་རོགས་དངུལ་སྒོར་སྟོང་གསུམ་རེའི་བྱིན། ཟླ་9བའི་ཚེས18ཉིན། སྡེ་ཚོགས་ཀུང་ཟིའི་འགན་ཁུར་པ་གནོད་ཁུལ་དུ་སོང་ནས་རྟོག་ཞིབ་བྱས་ཏེ། རོགས་སྐྱོར་བྱེད་དགོས་པའི་ཁྱིམ་ཚང་གཏན་འཁེལ་བྱས་ཤིང་། ཁོར་ཚོར་སྒོར་ཁྲི་གཅིག་སྟོང་དྲུག་གི་རོགས་དངུལ་སྟེར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག