མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཀྲེང་ཧུང་གིས་རྫོང་གསུམ་དང་ཆུས་གཅིག་ལ་བརྟག་དཔྱད་ཞིབ་འཇུག་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-23 10:42


བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་ཡན་མེན་གྱི་ཤང་དང་གྲོང་རྡལ་སྤྱིའི་འཆར་འགོད་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བཞིན་པ། (ཧོ་ཆི་ཀོང་གིས་པར་བླངས།)

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས12ཉིན་ནས་ཚེས15ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཧོང་ཀྲེང་ཧུང་གིས་རྫོང་གསུམ་དང་ཆུས་གཅིག་གི་གནོད་ཐེབས་རྗེས་ཀྱི་སླར་གསོའི་བསྐྱར་འཛུགས་དང་། ཞིང་ལས་ཞིང་གྲོང་། ཆུ་བེད་ཆུ་གློག ཡུལ་མི་གནས་སྤོར། གྲོང་ཁྱེར་འཛུགས་སྐྲུན། རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱེད་དུས་ནན་གྱིས་བསྟན་དོན། གནོད་ཐེབས་རྗེས་ཀྱི་སླར་གསོའི་བསྐྱར་འཛུགས་ལས་ཀ་དོན་འཁྱོལ་ལེགས་པོ་བཏང་ནས། ཏན་ཏིག་གིས་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས།

ཧོང་ཀྲེང་ཧུང་འཁོར་དང་བཅས་པ་སྔ་ཕྱིར་སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་དང་། ཧྲང་ཅང་ཤང་། ཅིན་ཅང་གྲོང་རྡལ། སེམས་ཀྱི་ཉི་ཟླ་རྫོང་བཟོ་ལས་གླིང་ཁུལ་ཆིང་ཁུག་ཁྱད་ལྡན་ཐོན་ལས་གླིང་ཁུལ། སེམས་ཀྱི་ཉི་ཟླ་རྫོང་མཁར་བྱང་ཤར་སྡེ་ཁུལ་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ། གནའ་གྲོང་འཛུགས་སྐྲུན་ལས་ཡུལ། ནམ་མཁའ་བཀྲ་ཤིས་དགོན། ཡུན་ལེན་ཤང་། ཡན་མེན་ཤང་། འབའ་ལུང་རྫོང་འབའ་སྡེ་ཤང་། ཀྲུང་ལུའུ་ཤང་། ཝེ་ཏེང་ཤང་། ཡུང་ཁྲུན་ཤང་གི་ཀྲུང་སྨན་འདེབས་འཛུགས་རྟེན་གཞི། རྫོང་སྲིད་འཛིན་ལྟེ་གནས་གནས་སྤོར་རྣམ་གྲངས་ཀྱི་ལས་ཡུལ། གསར་སྤེལ་ས་ཁུལ་སྨན་བཅོས་དང་ཁམས་གསོ་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་ཡུལ། ལའོ་ཧུའུ་ཆིང་བཟོ་ལས་གླིང་ཁུལ་སོགས་ཤང་དང་གྲོང་རྡལ་དང་། ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་ལས་ཡུལ་སོགས་ལ་ཟབ་ཞུགས་བྱས་ནས། གནོད་ཐེབས་རྗེས་ཀྱི་སླར་གསོའི་བསྐྱར་འཛུགས་ལས་ཀར་རྒྱུས་ལོན་བྱས་ཤིང་། གནོད་ཐེབས་ས་ཁུལ་ན་ལས་རྐང་བརྟན་སྲུང་བྱེད་པའི་ལས་བྱེད་མི་སྣར་འཚམས་འདྲི་བྱས་ཏེ། རྫོང་གསུམ་དང་ཆུས་གཅིག་གི་ཟླ1ནས་ཟླ8པའི་བར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་ལ་གསན་ནས། ཁུལ་ཡོངས་ཀྱི་ལས་གྲྭ་དང་རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ལས་འགོ་ཚུགས་པའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

ཧོང་ཀྲེན་ཧུང་གིས་སེམས་ཀྱི་ཉི་ཟླ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཡོད་གང་ཡོད་བཏོན་ནས་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གྱི་སླར་གསོའི་བསྐྱར་འཛུགས་ལས་ཀ་ལེགས་པར་སྒྲུབ་དགོས་པ་དང་། མགྱོ གས་མྱུར་གྱིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བསྐྱར་གསོ་བྱེད་དགོས། རྣམ་གྲངས་ཀྱི་མ་དངུལ་གཏོང་ལེན་ལ་ཤུགས་གཏོང་ཚད་ཇེ་དྲག་ཏུ་བཏང་ནས། རྣམ་གྲངས་གལ་ཆེན་མགྱོ གས་མྱུར་གྱིས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

འཇོལ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཧོང་ཀྲེང་ཧུང་གིས་ནན་གྱིས་བསྟན་དོན། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་སླར་གསོའི་བསྐྱར་འཛུགས་ལ་ངོས་འཛིན་བྱེད་ཚད་ཇེ་མཐོར་བཏང་ནས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་དེ་རང་མགོ་རང་ཐོན་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། གནས་སྤོར་ཡུལ་མིའི་དབུལ་སྐྱོར་དང་ཟུང་འབྲེལ་བྱེད་པ། ས་གཤིས་ཀྱི་གནོད་འཚེ་སྤོ་འགུལ་རྣམ་གྲངས་དང་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ནས་ནུས་ཡོད་ཀྱིས་མ་དངུལ་ལེགས་སྒྲིག་དང་། གནོད་ཐེབས་རྗེས་ཀྱི་ཞིག་གསོའི་བསྐྱར་འཛུགས་ལས་ཀ་སྒྲུབ་ནས། མགྱོ གས་མྱུར་གྱིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གོ་རིམ་བསྐྱར་བསྐྱོ་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ལ་འགན་སྲུང་བྱེད་དགོས།

འབའ་ལུང་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཧོང་ཀྲེང་ཧུང་གིས་ནན་གྱིས་བསྟན་དོན། མ་རྩ་གཏོང་བ་དང་། རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བའི་ལས་ཀ་དམ་འཛིན་བྱེད་པ་དེ་དེང་སྐབས་ཀྱི་ལག་འགན་གལ་ཆེན་དུ་བརྩིས་ནས། ཕྱོགས་ཡོངས་ཀྱིས་ལོ་མགོའི་དམིགས་འབེན་དང་འོས་འགན་ལེགས་འགྲུབ་ཡོང་དུ་འཇུག་དགོས། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་ཀེ་ལས་ཆུང་འབྲིང་དང་དམངས་གཉེར་ཁེ་ལས་ལ་གཙིགས་འཛིན་དང་། གསོ་སྐྱོང་། རོགས་སྐྱོར་བཅས་བྱས་ནས། ཀྲུང་སྨན་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གཙོ་བྱས་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རྒྱ་ཆེར་གཏོང་དགོས་ལ། ཞིང་ལས་ལ་ཕན་འབྲས་ཐོབ་པ་དང་། ཞིང་པར་ཡོང་འབབ་ཇེ་མང་དུ་ཡོང་བར་སྐུལ་འདེད་གཏོང་དགོས།

ཧོང་ཀྲེང་ཧུང་གིས་ནན་གྱིས་བསྟན་དོན། སེམས་ཀྱི་ཉི་ཟླ་རྫོང་དཔལ་འབྱོར་གསར་སྤེལ་ཆུས་ནི་བདེ་ཆེན་ཁུལ་གྱིས་ཕྱི་ཕྱོགས་ལ་ཕྱེས་པའི་ལྷོ་སྒོ་ཆེན་མོ་ཡིན་ལ། བདེ་ཆེན་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་ལྟེ་བ་དང་ས་གནས་གཙོ་བོའང་ཡིན། གསར་སྤེལ་ཆུས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་མིན་ལ། གྲོང་རྡལ་དང་གྲོང་ཁྱེར་ཅན་གྱི་འཛུགས་སྐྲུན་གྱི་གནད་འགག་ཡིན་ཞིང་། གསར་སྤེལ་དང་མ་རྩ་གཏོང་བའང་གནད་འགག་ཡིན། དེང་སྐབས་ཀྱི་གནས་ཚུལ་ལ་རྐང་ཚུགས་པ་དང་། མིག་གིས་རྒྱང་རིང་ལ་བལྟས་ནས། མིའི་བྱང་ཚད་མཐོ་རུ་གཏོང་བ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་གཉིས་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་རྡལ་དང་གྲོང་ཁྱེར་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས།

བདེ་ཆེན་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ནོར་བུ་གཡང་འཛོམས་བརྟག་དཔྱད་ཞིབ་འཇུག་བྱེད་རོགས་ལ་ཕེབས་ཡོད་པ་མ་ཟད། རྫོང་གསུམ་དང་ཆུས་གཅིག་གི་ཞིང་ལས་ཞིང་གྲོང་ཀྱི་ལས་ཀ་དང་། ཡུལ་མི་གནས་སྤོར། གྲོང་ཁྱེར་འཛུགས་སྐྲུན། རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བའི་གནས་ཚུལ་སོགས་ཀྱི་ཐད་གནས་པའི་གནད་དོན་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་ཡོད།

བདེ་ཆེན་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་དང་། ནོར་སྲིད། དམངས་སྲིད། ཞིང་ཕྱུགས། ཡུལ་མི་གནས་སྤོར། དབུལ་སྐྱོར། འགྲིམ་འགྲུལ། ས་ཁོངས་དོ་དམ། སློབ་གསོ་སོགས་སྡེ་ཁག་གི་འགན་འཁུར་བ་བརྟག་དཔྱད་ཞིབ་འཇུག་ལས་ཀའི་ནང་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག