མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཨུའི་ཐེངས་17པའི་རྒྱུན་ཨུའི་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-23 10:41

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9ཚེས་17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་རྒྱུན་ཨུའི་གྲོས་ཚོགས་ཐེངས་17པ་འཚོགས་ནས།“8.28 ”དང་ “8.31”ས་འགུལ་གྱི་ཡོམ་འགོག་རྒུད་སྐྱོབ་ལས་ཀ་ལ་ཞིབ་འཇུག་བྱས་ཤིང་།སླར་གསོ་བསྐྱར་སྐྲུན་གྱི་དམིགས་ཡུལ་གཏན་འབེབས་བྱས་པ་དང་དུས་རིམ་འོག་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།གྲོས་ཚོགས་ཐོག་བཏོན་དོན།རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་འགན་ནུས་སྡེ་ཁག་སོ་སོ་ཡིས་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀར་ཐུག་པའི་གནས་བབ་དང་འགན་འཁྲི་གསལ་རྟོགས་བྱེད་དགོས་པ་དང་།བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། མཁྲེགས་གཏོར་དཀའ་སེལ་བྱས་ནས།གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀ་དེ་དམངས་སེམས་ཀྱི་ལས་གྲྭ་དང་དམངས་འཚོའི་ལས་གྲྭ་རུ་བསྐྲུན་ཏེ།ཡོམ་འགོག་རྒུད་སྐྱོབ་ལས་ཀ་ཁྱོན་ཡོངས་ནས་རྒྱལ་ཁབ་ཐོབ་པར་འབད་བརྩོན་བྱེད་དགོས།

བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧོང་ཀྲེང་ཧུང་གིས་མིག་སྔའི་ཡོམ་འགོག་རྒུད་སྐྱོབ་ལས་ཀ་དང་སླར་གསོ་བསྐྱར་སྐྲུན་ལས་ཀ་ཡག་པོ་སྒྲུབ་རྒྱུའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་མུ་ཝུན་ལུང་གིས་གནོད་ཐེབས་ས་ཁུལ་གྱི་བརྟན་སྲུང་ལས་ཀ་གང་ལྟར་ཡག་པོ་སྒྲུབ་རྒྱུའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ།ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་རེན་ལི་ཚང་ཀོང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྲོས་ཚོགས་སུ་ཟུར་ཞུགས་ཤིང་སོ་སོས་རང་ལས་ཁུངས་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་དང་འཇོལ་རྫོང་གི་གནོད་ཐེབས་ས་ཁུལ་དུ་བརྟག་ཞིབ་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ་དང་།གོམ་རིམ་རྗེས་མའི་ལས་ཀར་གྲོས་གཞི་བཏོན་པ་རེད།སེམས་ཀྱི་ཉི་ཟླ་རྫོང་དང་འཇོལ་རྫོང་།འབའ་ལུང་རྫོང་གི་རྫོང་ཨུའི་འགན་འཁུར་བ་གཙོ་བོས་རྫོང་གསུམ་གྱི་ཡོམ་འགོག་རྒུད་སྐྱོབ་ལས་ཀའི་གནས་ཚུལ་རགས་བསྡུས་ཙམ་སྙན་སེང་ཞུས་པ་རེད།

གྲོས་ཚོགས་ཐོག་བསྟན་དོན། “8.28 ”དང་ “8.31”ས་འགུལ་བྱུང་རྗེས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་དང་།མཛའ་བརྩེའི་ཐུགས་ཁུར་གནང་ཞིང་།ཁུལ་དང་རྫོང་།ཤང་།གྲོང་སྡེ་རིམ་པ་བཅས་ཀྱི་ལས་བྱེད་པ་དང་བཅིངས་འགྲོལ་དམག་གི་བཀོད་འཐབ་པ།དྲག་པོའི་ཉེན་རྟོག་དཔོན་དམག་དང་མེ་གསོད་དམག་དཔུང་།སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ཀྱིས་འགན་འཁྲི་སེམས་སུ་བརྟན་པོར་འཇོག་སྟེ།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་གྲོས་ཆོད་བཀོད་སྒྲིག་དེ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས།མཁྲེགས་གཏོར་དཀའ་སེལ་དང་དངོས་སྒྲུབ་དངོས་གཉེར།མཁོ་བསྟུན་ཉེན་ཁ་མྱུར་སྐྱོབ་དང་གནོད་ཐེབས་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་སོགས་ཐད་ཀྱི་བྱ་ཐབས་འོས་འཚམ་ཡིན་ལ།ལས་ཀ་ནུས་ཡོད་དང་ཕན་འབྲས་ཡོད་པས།གནོད་ཐེབས་ས་ཁུལ་གྱི་མི་སེམས་བརྟན་པོ་དང་སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུ་མངོན་དུ་འགྱུར་ཡོད་པ་རེད།

གྲོས་ཚོགས་ཐོག་བཏོན་དོན།རང་ཁུལ་གྱིས་ཐེངས་འདིའི་གྲོས་ཚོགས་ཀྱིས་མཚོན་བྱེད་དུ་བྱས་ཏེ།ཡོམ་འགོག་རྒུད་སྐྱོབ་ལས་ཀ་དེ་ཉེན་ཁ་མྱུར་སེལ་དུས་རིམ་ནས་གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གལ་ཆེའི་དུས་རིམ་དུ་ཞུགས་དགོས།སླར་གསོ་བསྐྱར་སྐྲུན་གྱི་ལས་ཀ་ལྗིད་པོ་ཡིན་ཞིང་།མདུན་དུ་ལྷགས་པའི་གནས་ཚུལ་རྙོག་འཛིང་ཡིན་པས།རིམ་པ་ཁག་གི་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ།ཡིད་ཆེས་བརྟན་པོའི་ངང་ལས་ཀ་རེ་རེ་བཞིན་ཏན་ཏིག་གིས་བསྒྲུབས་ཏེ།གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་གྲྭ་དེ་དམངས་སེམས་ཀྱི་ལས་གྲྭ་དང་དམངས་འཚོའི་ལས་གྲྭར་བསྐྲུན་པར་འབད་བརྩོན་བྱེད་དགོས།

གྲོས་ཚོགས་ཐོག་སླར་གསོ་བསྐྱར་སྐྲུན་ལས་ཀའི་དམིགས་ཡུལ་དང་རྩ་དོན་གྱི་བླང་བྱ་གཏན་འབེབས་བྱས་པ་རེད།ཐོག་མར་གནོད་ཐེབས་ཡུལ་མིའི་ཁང་པ་སླར་གསོ་བསྐྱར་སྐྲུན་བྱེད་དགོས་ཤིང་།ཁང་པར་གནོད་ཐེབས་ཚད་ཡང་བ་ལ།ད་ལོའི་ལོ་མཇུག་གི་སྔོན་དུ་ཁྱོན་ཡོངས་ནས་ཁང་པར་ཕྱིར་ལོག་རྒྱུ་མངོན་དུ་འགྱུར་དགོས་ཤིང་།ཁང་པར་གནོད་ཐེབས་ཚད་འབྲིང་ཙམ་ཡིན་པ་ལ་སང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་ཁྱོན་ཡོངས་ནས་ཕྱིར་ཁང་པར་ལོག་རྒྱུ་མངོན་དུ་འགྱུར་དགོས་པ་དང་།སང་ལོའི་ཏང་བཙུགས་དུས་ཆེན་གྱི་སྔོན་དུ་ཡོམ་འགོག་རྒུད་སྐྱོབ་ལས་ཀ་ཁྱོན་ཡོངས་ནས་འགྲུབ་ཐུབ་པར་བྱ་དགོས།གཉིས་ནི་བཀོལ་སྤྱོད་ཆོག་པའི་གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀར་སྐུལ་སྤེལ་གཏོང་བའི་བྱེ་བྲག་གི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་གཏན་འབེབས་བྱེད་དགོས།གསུམ་ནི་མང་ཚོགས་ལམ་ཕྱོགས་ཀྱི་ལས་ཀའི་བྱེད་སྟངས་རྒྱུན་འཁྱོངས་བྱེད་དགོས།བཞི་ནི་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་གནོད་སྐྱོན་ཚབས་ཆེན་ཐེབས་ཁུལ་གྱི་མང་ཚོགས་ཀྱི་དགུན་སྐྱེལ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས།ལྔ་ནི་མུ་མཐུད་དུ་བརྟན་སྲུང་ལས་ཀ་དང་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་དོ་དམ་ཚོད་འཛིན་ལས་ཀར་མཐོང་ཆེན་བྱེད་དགོས།དྲུག་ནི་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ངེས་གསལ།སྒྲིག་ལམ་ནན་པོ་དང་སྟོབས་ཤུགས་ལྡན་པའི་ངང་ནས་མདུན་དུ་སྤེལ་དགོས།

ལུའུ་ཡུང་མིང་དང་ཀྲང་ཀྲི་ཅུན། ཡུས་ཧྲེང་ཞང་།ནོར་བུ་གཡང་འཛོམས།ལིའུ་ཅ་ཞུས།ཆེ་ཅན་ཞིན།ནོར་བུ་ཚེ་རིང་།སུའུ་ཡུས་བཅས་གྲོས་ཚོགས་སུ་ཞུགས་པ།ཧོ་ཀྲེང་ཏུང་དང་།སུང་ཐའོ།ཨུ་བརྒྱན་བསྟན་འཛིན་བཅས་དང་།རྫོང་སོ་སོའི་རྫོང་ཨུ་དང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་སུ་ཟུར་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག