མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ཟླ་མཆོད་དུས་ཆེན་དུ་ས་འགུལ་གྱི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-23 10:41

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་མཆོད་དུས་ཆེན་སླེབས་པའི་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ།ཀོང་རྩེད་ར་ཏང་ཨུ་སྲིད་གཞུང་བཅས་ནས་གྲུབ་པའི་འཚམས་འདྲིའི་ཚོ་ཆུང་གིས་སོ་སོར་གནོད་ཐེབས་ཚད་ཚབས་ཆེན་ཡིན་པའི་སྐེད་ལམ་ཤོད་དང་།སྦྲུལ་མགོ།ས་དམའ།ལྕོག་སྐྱ།རྩིག་སྒོར།ཤུག་སྒང་སོགས་ཡུལ་མི་ཚོ་ཆུང་གི་བདེ་འཇགས་བཀོད་སྒྲིག་བྱེད་གནས་སུ་འཚམས་འདྲི་ཞུས་ནས།གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཟླ་སྒོར་བག་ལེབ་གནང་ཞིང་ཟླ་མཆོད་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།དུས་མཚུངས་སུ།གནོད་ཐེབས་མང་ཚོགས་ལ་ཡིད་ཆེས་ཇེ་ཆེར་བཏང་ནས།ཧུར་ཐག་གིས་ཐོན་སྐྱེད་རང་སྐྱོབ་བྱེད་པ་དང་།ཁྱིམ་གཞིར་སྔར་ཙམ་བསྐྱར་འཛུགས་བྱེད་རྒྱུའི་རེ་བ་བཅངས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག