མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཨུས་སྲིད་གྲོས་ཀྱི་ལས་བྱེད་པའི་གསོ་སྐྱོང་དང་བཀོལ་སྤྱོད་གནས་ཚུལ་ལ་མཐོང་ཆེན་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-23 10:41

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཐོག་མཐའ་བར་གསུམ་དུ་སྲིད་གྲོས་ཀྱི་ལས་བྱེད་པའི་གསོ་སྐྱོང་དང་བཀོལ་སྤྱོད་བྱ་རྒྱུ་དེ་སྲིད་གྲོས་ལས་བྱེད་པའི་སྲིད་ཞུགས་སྲིད་གླེང་ཆུ་ཚོད་མཐོ་རུ་གཏོང་བའི་རྨང་གཞིའི་ལས་ཀ་དང་གལ་ཆེའི་གནས་འགག་ཐུག་ས་ཞིག་ཏུ་འཛིན་ཏེ་དམ་འཛིན་བྱས་ཤིང་།ལས་བྱེད་པ་བདམས་སྐོང་བྱས་ནས་ཏང་གི་སློབ་གྲྭར་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱས་པ་དང་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཆར་མངགས་ནས་འཛིན་གྲྭར་ཞུགས་ཏེ་སློབ་སྦྱོང་བྱེད་པ།“མང་ཚོགས་བཞིའི་སློབ་གསོའི”བྱེད་སྒོ་དང་ཟུང་འབྲེལ་བྱེད་པ།ཤང་དང་གྲོང་རྡལ(གྲོང་སྡེ་དང་ཚོ་ཆུང་)ལ་སྦྱོང་བརྡར་དུ་མངགས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས།མུ་མཐུད་དུ་སྲིད་གྲོས་ལས་བྱེད་པའི་ཆབ་སྲིད་ཀྱི་ཆུ་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་བ་རེད།

ལོ་ངོ་གཅིག་གི་རིང་ལ།ཁུལ་སྲིད་གྲོས་ཀྱིས་ཁྱོན་བསྡོམས་ཁའོ་རིམ་པ་རྒན་པའི་ལས་བྱེད་པ་2ནི་ཁྲུའུ་རིམ་པ་གཞོན་པར་གོ་གནས་སྤར་བ་རེད།དེའི་ནང་ལས་མི་སྣ་1ནི་ཁུལ་སྲིད་གཞུང་གི་ཕྱོགས་བསྡུས་འགན་ནུས་སྡེ་ཁག་ཏུ་ལས་གནས་འཛིན་པར་མངགས་ནས།སྲིད་གྲོས་ཀྱི་ལས་བྱེད་པའི་གོ་གནས་སྤར་ཏེ་ཏང་སྲིད་ལས་ཁུངས་སུ་ལས་གནས་འཛིན་པའི་སྔོན་མེད་ཀྱི་ཚད་བརྒལ་དངོས་སུ་གྲུབ་པས།སྲིད་གྲོས་ཀྱི་ལས་བྱེད་པའི་ལས་སྒྲུབ་ཀྱི་སྤྲོ་སེམས་སྐུལ་སྤེལ་བཏང་བ་རེད།དུས་མཚུངས་སུ།ཁུལ་སྲིད་གྲོས་ཀྱི་ཏང་རྩ་འཛུགས་ཀྱིས་ཁུལ་ཨུའི་《ན་གཞོན་ལས་བྱེད་པའི་གསོ་སྐྱོང་འདེམས་བསྐོ་མགྱོ གས་སུ་གཏོང་རྒྱུའི་འཆར་གཞི》ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་།ཁུལ་ཨུའི་སྲིད་གྲོས་ལས་ཁུངས་ཀྱི་ནང་ལོགས་ལ་ཁའོ་རིམ་པ་གཞོན་པའི་ལས་བྱེད་པ་3འདེམས་བསྐོ་བཀོལ་སྤྱོད་བྱས་ཤིང་།ན་གཞོན་ལས་བྱེད་པ་2་སྐོང་འཐེན་བྱས་པ་རེད།མིག་སྔར།ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེའི་ནང་དུ་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི་4ཡོད་པ་དང་།སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི་15ཡོད་ལ།སློབ་ཆེན་གྱི་ཆེད་སྦྱོང་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི་10ཡོད་དེ།སོ་སོར་སྤྱིའི་མི་གྲངས་ཀྱི་14%དང་52%དང་34%བཟུང་ཡོད་སྟབས།གསོན་ཤུགས་ལྡན་ཞིང་ཤེས་བྱའི་གྲུབ་ཆ་དང་ལོ་ནའི་གྲུབ་ཆ་ལུགས་མཐུན་ཡིན་ལ།སློབ་གཉེར་བརྒྱུད་རིམ་མཐོ་བའི་སྲིད་གྲོས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་རིམ་བཞིན་འཚར་ལོངས་བྱུང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག