མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡོམ་འགོག་གཡུལ་ས་གཙོ་བོའི་ཞིབ་དཔྱོད་དཔོན།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-22 10:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ས་འགུལ་བྱུང་བའི་རྗེས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཞིབ་དཔྱོད་ཁང་གིས་འཕྲལ་དུ་མྱུར་སྐྱོབ་སྔོན་ཇུས་བྱས་ནས།ལུས་ཁུངས་ཡོངས་ཀྱིས་ཡོམ་འགོག་རྒུད་སྐྱོབ་ཁྲོད་ནུས་ཤུགས་འདོན་པར་རྩ་འཛུགས་དང་སྐུལ་སློང་བྱས་པ་རེད།

འཇོལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡོམ་འགོག་རྒུད་སྐྱོབ་ལས་ཀའི་བཀོད་སྒྲིག་ལྟར།འཇོལ་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཞོའོ་ཕིན་གྱིས་སྣེ་ཁྲིད་བྱས་པའི་ལས་བྱེད་ཉེན་རྟོག་པ་10ཡིས་གྲུབ་པའི་“གངས་ལྗོངས་ཞིབ་དཔྱོད་ཡོམ་འགོག་རྒུད་སྐྱོབ་གདོང་ལེན་རུ་ཁག”གིས་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ཀོང་རྩེད་རའི་གྲོང་རྡལ་གྱི་ཤོག་གསུམ་གྲོང་སྡེར་སྐྱོད་ནས་རོགས་སྐྱོབ་བྱས་པ་རེད།འདིའི་སྐབས་སུ།གདོང་ལེན་རུ་ཁག་གིས་གངས་ལྗོངས་ཞིབ་དཔྱོད་ཀྱི་“བཀོད་འདོམས་ལ་བརྩི་སྲུང་དང་།བཀོད་སྒྲིག་ལ་ཉན་སྲུང་།ཉེན་ཁ་ལ་མི་སྐྲག་པ་དང་དཀའ་ངལ་ལ་མི་སྐྲག་པའི”ཞུམ་མེད་ཀྱི་སྙིང་སྟོབས་གང་ལེགས་འདོན་ནས།ཤུགས་ཡོད་ཀྱིས་ཤོག་གསུམ་གྲོང་སྡེའི་མུ་ལམ་དང་བྱེ་སྟེང་།དགོན་པ།འགྲིམ་མདའ།ཁམ་བུ་སྟེང་སོགས་གྲོང་མིའི་ཚོ་ཆུང་སྟེ་ཁྱོན་བསྡོམས་གནོད་འཚེ་ཐེབས་པའི་ཁྱིམ་ཚང་88ཀྱི་མང་ཚོགས་གནས་སྤོར་དང་།སེམས་གསོའི་ལས་ཀ་སྒྲུབ་ནས།གནོད་ཐེབས་མང་ཚོགས་ལ་དངོས་ཟོག་འགྲེམ་པ་དང་གུར་ཕབ་པ་རེད།འབྲེལ་ཡོད་སྡེ་ཁག་གིས་གནོད་སྐྱོན་ཤོར་བའི་གྲོང་སྡེའི་གཞུང་ལམ་མྱུར་བཅོས་ལ་རམ་འདེགས་བྱས་ནས།གནོད་ཐེབས་ས་ཁུལ་གྱི་སྡོད་མིའི་ཁང་པ་དང་།དགོན་པ་སོགས་དོ་ར་གཞན་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ནས།ཡང་བསྐྱར་གནོད་སྐྱོན་ཐེབས་པར་སྔོན་འགོག་བྱས་པ་རེད།དུས་མཚུངས་སུ།མང་ཚོགས་ལ་སེམས་གསོ་བཏང་བ་དང་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱས་པ།གནོད་སྐྱོན་གྱི་གནས་ཚུལ་བསྡོམས་རྩིས་དང་ལས་ཀར་སྙན་ཞུ་སོགས་བྱས་པ་རེད།སྔ་རྗེས་སུ་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་རས་གུར་70འགྲེམ་སྟོང་བྱས་པ་དང་།རས་གུར་70ཕབ་རོགས་བྱས་པ།འབྲས་དང་བལ་ལྭ།ལྭ་རིང་།ཉལ་ཁྲི་སོགས་དངོས་ཟོག་འགྲེམ་པ་རེད།ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར།གྲོང་མིའི་ཚོ་ཆུང་5ལ་རྒུད་སྐྱོབ་འཚམས་འདྲིའི་མ་དངུལ་སྒོར་81200འགྲེམ་པ་རེད།ལས་ཁུངས་ཡོངས་ཀྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་ཞལ་འདེབས་ཀྱི་དངུལ་7800འབུལ་བ་དང་།བྱ་སྤྱོད་དངོས་ཀྱིས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་དཀའ་ངལ་ལས་ཐར་བར་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག