མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་གིས་ཞབས་འདེགས་ཞུ་སའི་སྤུས་ཚད་མཐོ་རུ་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-22 10:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་ཀུས་སིས་བྱ་ཐབས་སྣ་གསུམ་སྤྱད་དེ།ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་བཏང་ནས།ཡུལ་སྐོར་བ་ལ་འཁོར་ལོ་སྡོད་པའི་ཁོར་ཡུག་ལེགས་པོ་ཞིག་བཙུགས་ཡོད་པ་རེད།

གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས།ལས་བྱེད་མི་སྣའི་ཞབས་འདེགས་ཞུ་བའི་འདུ་ཤེས་མཐོ་རུ་བཏང་བ།“གསུམ་ལེགས་གསུམ་ཅན”གྱི་ཚད་གཞི་ལ་གཞིགས་ནས།རྒྱུན་མཐུད་ཀྱིས་མཁྲེགས་ཆས་ཁོར་ཡུག་ལེགས་སུ་བཏང་བ།ལས་ཀའི་འགན་ལེན་དོན་འཁྱོལ་བྱས་ནས།རླངས་འཁོར་གྱི་པ་སེ་སྒོ་ཁར་སྐྱེལ་བ་སོགས་ཀྱི་ཁྱད་ལྡན་ཞབས་འདེགས་བྱས་ཏེ།ཡུལ་སྐོར་བས་རླངས་འཁོར་གྱི་པ་སེ་ཉོ་བར་སྟབས་བདེ་སྤྲད་པ་དང་།ཡུལ་སྐོར་བའི་སྣང་བ་སྐྱིད་པོ་ཡོང་བ་དང་སེམས་བདེ་མོ་གནས་པར་བརྩོན་ལེན་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག