མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་ཕྱོགས་ཡོངས་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་དངོས་ཟོག་སྐབས་ཐོག་ཏུ་འགྲེམས་གཏོང་བྱེད་པར་འགན་སྲུང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-22 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ས་འགུལ་བྱུང་རྗེས།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་ཅུས་ཀྱིས་ཇུས་ཆེན་ལ་དམིགས་པ་དང་། དོན་དག་ཞིབ་མོ་ནས་འགོ་རྩོམ་པ། དོགས་ཟོན་བྱེད་པའི་ལས་ཀའི་བསམ་ཕྱོགས་གལ་ཆེན་དུ་བཟུང་ནས། སྐབས་ཐོག་ཏུ་ལས་ཀའི་ལྟེ་བ་སྙོམས་སྒྲིག་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་དངོས་ཟོག་སྐབས་ཐོག་ཏུ་བདེ་འཇགས་ངང་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་འགན་སྲུང་བྱས་པ་རེད།

ལས་ཀའི་ཁྲོད་དུ། ཅུས་འདིས་སྐབས་ཐོག་ཏུ་བདེ་ཆེན་རྫོང་ཡོམ་འགོག་རྒུད་སྐྱོབ་ལྟ་སྐུལ་བརྟག་དཔྱད་འགོ་ཁྲིད་ཚན་ཆུང་བཙུགས་ཤིང་། དེ་དང་ཆབས་ཅིག ཤང་དང་གྲོང་རྡལ་སོ་སོར་མཛུབ་སྟོན་བྱེད་པའི་འབྲེལ་ཡོད་ཡོམ་འགོག་རྒུད་སྐྱོབ་ལྟ་སྐུལ་བརྟག་དཔྱད་འགོ་ཁྲིད་ཚན་ཆུང་ཡང་བཙུགས་པ་རེད། ཀོང་རྩེད་ར་གྲོང་རྡལ་དེ་ས་ཚིགས་གཙོ་བོར་བཞག་ནས། རྫོང་ཡོངས་ཀྱི་དངོས་ཟོག་འགྲེམས་གཏོང་བྱས་པའི་གནས་ཚུལ་གྱི་བརྒྱུད་རིམ་ཚང་མར་ཕྱོགས་ཡོངས་ནས་རྗེས་འདེད་དང་ལྟ་ཞིབ་བྱས་པ་རེད།

ཀོང་རྩེད་ར་གྲོང་རྡལ་གྱི་གནོད་ཐེབས་ས་ཁུལ་དུ། སྒྲིག་བཤེར་ཨུའི་ལས་བྱེད་མི་སྣ་90%ཡན་གྱི་ཞིང་པའི་ཁྱིམ་དུད་ལ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་དང་འཚམས་འདྲི་བྱས་ཡོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད། བགོ་སྟངས་དྲང་བདེན་མིན་པ་དང་། གཏན་འཁེལ་དང་མི་མཐུན་པ། སྐྱུར་ནས་བཞག་པ། མང་ཙམ་སྤྲད་པ། ཡང་བསྐྱར་སྤྲད་པ་བཅས་ཀྱི་གནད་དོན་འབུར་ཐོན་ཅན་ལ་སྐབས་ཐོག་ཏུ་རྩིས་ཞིབ་བྱས་ནས། དོན་དག་རེ་རེ་གོ་རིམ་ཡོད་པའི་ངང་ནས་ཐག་བཅད་པ་རེད། དོན་དངོས་དང་མཐུན་པའི་གནད་དོན་ལ་བཀའ་བརྡ་བཏང་ནས་ལས་ཀའི་ཚོ་ཆུང་ལ་ལེགས་བཅོས་བྱེད་དུ་བཅུག་ཅིང་། དོན་དངོས་དང་མི་མཐུན་པའི་གནད་དོན་ལ་སྐབས་ཐོག་ཏུ་གསལ་བཤད་བྱས་པ་རེད།

ནུས་ཡོད་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་མཐར། ཡོམ་འགོག་རྒུད་སྐྱོབ་ཁྲོད་ཁྲིམས་དང་འགལ་བ་དང་། ཆུད་ཟོས་སུ་གཏོང་བ། བགོ་སྟངས་ལུགས་དང་མི་མཐུན་པ། རྫུན་བཟོ་བ། དོ་དམ་མི་ལེགས་པ། ཤུགས་རྐྱེན་ངན་པ་འབྱུང་བ་སོགས་ཀྱི་གནས་ཚུལ་བྱུང་མེད་པ་རེད། ཡོམ་འགོག་རྒུད་སྐྱོབ་ཁྲོད་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའི་ཤང་རིམ་པའི་ལས་བྱེད་པས་གྲོང་གསེབ་ལ་འགན་འཁུར་བ་དང་། ཁའོ་རིམ་པའི་ལས་བྱེད་པས་གྲོང་གསེབ་ཀྱི་ཚན་ཆུང་ལ་འགན་འཁུར་བའི་བླང་བྱ་གཞིར་བཟུང་ནས། སྲིད་གཞུང་གི་བཀའ་བརྡ་དུས་ལྟར་འབྱོར་ཐུབ་པར་སྲུང་སྐྱོབ་དང་ལས་བྱེད་མི་སྣ་ལས་རྐང་ནང་ཞུགས་ཡོད་པར་འགན་སྲུང་བྱས་ཡོད།

གནོད་ཐེབས་མང་ཚོགས་ལ་དོགས་པ་ཡོད་པའི་གནས་ཚུལ་དག་སྐབས་ཐོག་ཏུ་སྡོམ་རྩིས་སྡེ་ཁག་ལ་ཡར་ཞུ་བྱས་ནས། སྒྲིག་བཤེར་ཨུ་དང་། སྡོམ་རྩིས་སོགས་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་དུ་འབྲེལ་འདྲིས་བྱས་ཏེ། གནས་ཚུལ་སྤྱི་བསྒྲགས་བྱས་ཤིང་། ཕན་ཚུན་ལ་རྒྱབ་སྐྱོར་དང་འབྲེལ་བ་དམ་ཟབ་གནང་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཀ་དེ་ནུས་པ་ཐོན་ཞིང་སྲིད་གཙང་ཡིན་པ། རྒུད་སྐྱོབ་དངོས་རྫས་འགྲེམས་གཏོང་བྱེད་པར་བདེ་འཇགས་ཀྱི་འགན་སྲུང་བྱས་ཡོད། ཡོམ་འགོག་རྒུད་སྐྱོབ་ཀྱི་དུས་མཚམས་སུ་རྣམ་པ་ཙམ་མི་བྱེད་པ་དང་དཀའ་ངལ་ཆེ་སའི་གནས་སོགས་མི་བསྐྱུར་བར། ཕྱོགས་ཡོངས་སུ་ཁེབས་པར་བྱས་ནས། རྫོང་ཨུ་དང་རྫོང་སྲིད་གཞུང་། མི་དམངས་མང་ཚོགས་ལ་སེམས་བདེ་བ་དང་། ངོ་བོ་གསལ་བའི་རྩིས་ཐོ་ཞིག་སྤྲད་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག