མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྐབས10པའི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་ལས་ཀའི་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-09-22 10:38

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས9ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྐབས10པའི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་ལས་ཀའི་ཚོགས་འདུ་འཚོགས་པ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྥེང་ཞི་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་།

དབྱང་ཧྥེང་ཞིས་འདང་ངེས་ཀྱིས་བདེ་ཆེན་ཁུལ་རིམ་པ་ཁག་གི་བཟོ་ཚོགས་ཀྱིས་ཧུར་ཐག་ངང་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོར་སྐུལ་སྤེལ་བཏང་ནས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ། ཁོང་གིས་བསྟན་དོན། བྱེད་སྒོ་དེས་ལས་བཟོའི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་རྒྱུ་འགག་རྩར་བྱས་ནས་རྒྱུན་འཁྱོངས་བྱེད་དེ། བློ་གཅིག་སེམས་གཅིག་གིས་ལས་བཟོར་ཞབས་འདེགས་ཞུ་རྒྱུ་རྩ་དོན་དུ་འཛིན་པ། གོམ་གང་མདུན་སྤོས་ཀྱིས་བཟོ་ཚོགས་རྩ་འཛུགས་དང་ལས་བཟོ་མང་ཚོགས་ཀྱི་འབྲེལ་བ་དམ་པོར་བཟོ་བ། བཟོ་པའི་གྲལ་རིམ་གྱི་མཐུན་སྒྲིལ་གཅིག་བསྡུས་ལ་སྐུལ་སྤེལ་གཏོང་བ་དང་བཟོ་ཚོགས་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་གཏོང་དགོས།

ཁོང་གིས་བླང་བྱ་བཏོན་དོན། རིམ་པ་ཁག་གི་བཟོ་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྨན་བཅོས་བསྒྱུར་བཅོས་སྲིད་ཇུས་ཀྱིས་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོས་སྤྲོད་པའི་གོ་སྐབས་གསར་པ་དམ་པོ་འཛིན་ནས། གཏིང་ཟབ་ཀྱིས་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་ཁྲོད་དུ་བྱུང་བའི་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་དགོས་པ་དང་། ལས་བཟོ་ལ་ཞབས་ཞུའི་འདུ་ཤེས་མཐོར་གཏོང་བ་དང་། ལས་ཀའི་ཆུ་ཚད་མཐོར་གཏོང་བ། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བཏང་ནས། ཏན་ཏིག་གིས་སྐབས10པའི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་ལས་ཀ་ཁག་ཡག་པོར་སྒྲུབ་དགོས།

ཚོགས་འདུའི་ཐོག ལས་བྱེད་མི་སྣས་ལས་བཟོའི་རོགས་རེས་བྱེད་སྒོའི་ལས་ཀའི་བརྒྱུད་རིམ་དང་དོ་དམ་མ་ལག་གི་བེད་སྤྱོད་ཤེས་བྱ་དང་། སྐབས10པའི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་སྲིད་ཇུས་གསར་པ་སོགས་འགྲེལ་བཤད་བྱས་པ། ཁུལ་རིམ་པའི་ཏང་སྲིད་ལས་ཁུངས། ཁེ་ལས་དང་བྱ་གཞག་སྡེ་ཚན་གྱི་ལས་བཟོའི་སྨན་བཅོས་རོགས་རེས་བྱེད་སྒོའི་ཕུལ་བྱུང་ལས་ཚབ་པ6ལ་གཟེངས་བསྟོད་བྱས་པ་རེད།

བདེ་ཆེན་ཁུལ་ཁོངས་གཏོགས་སྡེ་ཁག་སོ་སོའི་བཟོ་ཚོགས་དང་། ཁུལ་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་དང་ཞིང་ཆེན་ལས་ཁུངས་ཀྱི་བཟོ་ཚོགས། ཁུལ་ཁོངས་གཏོགས་ཁེ་ལས་བཟོ་ཚོགས་ཀྱི་འགན་འཁུར་མི་སྣ་དང་ལས་ཚབ་པ་ཁྱོན་བསྡོམས་མི150ལྷག་ཚོགས་འདུར་ཞུགས་པ་རེད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག