མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-08-23 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ནགས་ལས་ཅུའུ་ཡིས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་།  འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ། “ནུས་ཁུངས་གྲོན་ཆུང་དང་སྦོགས་བཙོག་ཉུང་གཏོང” བྱེད་པ་སོགས་ཐབས་བརྒྱ་ཇུས་སྟོང་གིས་སླར་སྐྱེ་ནུས་ཁུངས་གསར་སྤེལ་བྱེད་པའི་རྩ་དོན་ལྟར།  ད་ཡོད་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་ཞིང་ལས་སྐྱེ་ཁམས་ཁོར་ཡུག་འགན་སྲུང་བྱེད་པའི་བྱ་བའི་དམིགས་འབེན་གཞིར་བཟུང་ནས།  རྫོང་ཡོངས་ནས་རྫབ་རླངས་རྫིང་བུ99སླར་གསོ་བྱས་པ་དང་།  ནུས་གྲོན་ཐབ་ཀ49འགྲེམ་གཏོང་བྱེད་པ།  ཉི་ནུས་འཕྲུལ་ཆས1315ལྷུ་སྒྲིག་བྱས་ནས་ལེགས་འགྲུབ་བྱུང་།

ལོ་སྟོད་ལ།  རྫོང་འདིའི་ནགས་ལས་ཅུའུ་ཡིས་ནུས་ཁུངས་ས་ཚིགས་ཀྱི་ལས་བྱེད་མི་སྣ་སྐུལ་འདེད་བྱས་ཏེ་རྫོང་ཡོངས་ནས་ལོ་དུ་མའི་སྔོན་ལ་འཛུགས་སྐྲུན་བྱས་པའི་རྫབ་རླངས་རྫིང་བུར་ཞིབ་བཤེར་དང་ཞིག་གསོ་བྱས་ཤིང་།  གཙོ་བོ་ཤང་དང་གྲོང་རྡལ།  སྡེ་མི་ཚན་ཆུང་གི་རྫབ་རླངས་རྫིང་བུའི་བདེ་འཇགས་ངང་བཀོལ་སྤྱོད་བྱེད་པའི་གནས་ཚུལ་དང་།  རླངས་འདྲེན་ལྕགས་མདོང་ཚད་ལྡན་སྒོས་ལྷུ་སྒྲིག་བྱེད་པའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་མ་ཟད། འབྲེལ་ཡོད་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་རྫབ་རླངས་ཀྱི་བདེ་འཇགས་དོ་དམ་བཀོལ་སྤྱོད་རྒྱུན་ཤེས་དང་།  རྫིང་བུ་འཛུགས་སྐྲུན་བྱེད་སྐབས་རྫབ་རླངས་རྫིང་བུ་ཇི་ལྟར་བདེ་འཇགས་ངང་བཀོལ་སྤྱོད་བྱེད་པ་འགྲེལ་བཤད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག