མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུའུ་ཡིས་དྲ་སྟེང་ནས་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-08-22 10:57

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཏྰ་ལིས་ཁུལ་ཅན་ཁྲོན་རྫོང་སྤྱི་བདེ་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ཉེན་བརྡ་ཞིག་འབྱོར་བ་དང་།  ཉེན་བརྡ་ལས“ངེད་སྤྱི་བདེ་ཅུའུ་ཡིས་དྲ་སྟེང་གི་དོགས་ཡོད་ཉེས་ཅན་རིས་ལུའུ་ཅན་སེམས་ཀྱི་ཉི་ཟླ་རྫོང་སྐ་ཚེགས་ཤང་གི་ཁོངས་སུ་ཐོན་འདུག་པ་རྩད་ཆོད་ཡོདཔ་དང་།  དོགས་ཡོད་ཉེས་ཅན་འདི་འཛིན་བཟུང་བྱེད་རོགས་བྱོས”ཞེས་བརྗོད་ཡོད།  སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མྱུར་ཏུ་འབྲེལ་ཡོད་གནས་ཚུལ་སྐ་ཚེགས་ཤང་ཉེན་རྟོག་ལས་དོན་ས་ཚིགས་ལ་བསྒྲགས་པ་དང་།  ཉེན་རྟོག་ལས་དོན་ཁང་གིས་སྔོན་ལ་མྱུལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན།

སྤྱི་ཟླ8པའི་ཚེས8ཉིན།  སྐ་ཚེགས་ཤང་ཉེན་རྟོག་ལས་དོན་ས་ཚིགས་ཀྱིས་ཁུངས་གནས་ཤིག་རྙེད་པ་དང་།  སྐ་ཚེགས་ཤང་གི་ལས་ཡུལ་ཞིག་ནས་ཡུལ་ཕྱོགས་གཞན་པའི་ཐོན་པའི་ཞོར་ལས་བ་ཞིག་ཡོད་པ་དང་དོགས་གཞི་ཆེན་པོ་ཡོད།  ཉེས་དོན་མྱུལ་ཞིབ་རུ་ཆེན་མྱུར་ཏུ་ཡུལ་དེར་སོང་ནས་རྩད་བཅད་པ་དང་།  རྩད་ཆོད་པ་བརྒྱུད། སྐྱེས་པ་འདི་ཅན་ཁྲོན་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་འགལ་གྱིས་འབར་གས་དངོས་རྫས་ཕྱི་ཚོང་བྱེད་མཁན་དོགས་ཡོད་ཉེས་ཅན་རིས་ལུའུ་ཡིན་པ་ཤེས།

 མིག་སྔར།  དོགས་གཞི་ཉེས་ཅན་ཏྰ་ལིས་ཁུལ་ཅན་ཁྲོན་སྤྱི་བདེ་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་སྤྲད་པ་དང་།  གྱོད་གཞི་ད་ལྟ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག