མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྒྱལ་ཐང་གྲོང་རྡལ་གྱིས་མ་ཧྥེ་འདེབས་འཛུགས་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-28 09:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་བསྒྱུར་བྱེད་པར་ཤུགས་བསྣན་ནས།  མཐོ་སྒང་ས་ཁུལ་དུ་མ་ཧྥེ་འདེབས་འཛུགས་བྱེད་པར་ཁྱབ་སྤེལ་བྱས།  2011ལོར་རྫོང་འདིའི་ཞིང་ཕྱུགས་ཅུའུ་ཡིས་རྒྱལ་ཐང་གྲོང་རྡལ་དུ་མ་ཧྥེ་མུའུ6འདེབས་འཛུགས་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་།  ན་ནིང་ཧྥིན་ཞིན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་དང་མ་ཧྥེ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་གྲོང་རྡལ་འདི་རུ་མ་ཧྥེ་མུའུ800འདེབས་འཛུགས་བྱས།  ད་ལོར་རྫོང་འདིས་མ་ཧྥེ་འདེབས་འཛུགས་བྱེད་པར་ཤུགས་བསྣན་པ་དང་།  སྔོན་དཔག་ལྟར་ན་འདེབས་རྒྱ་ས་མུའུ་ཁྲི1ལ་བསླེབ་ངེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག