མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་ཡིག་རིས་འགྲན་ཚོགས་བསྡུས་ཏེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར92ལོན་པར་རྟེན་འབྲེལ་ཞུ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-28 08:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “བདུན་གཅིག”དུས་ཆེན་སྐབས་སུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གིས“དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས།  ཕུལ་བྱུང་རིག་གནས་གསོ་སྐྱོང་བྱེད་པ་སྟེ།  བདེ་ཆེན་རྫོང་གི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར92ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཡིག་རིས་འགྲན་ཚོགས ”སྤེལ་ནས།   གཟབ་རྒྱས་ངང་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར92ལོན་པར་རྗེས་དྲན་ཞུ་བ་དང་། སྔར་ལས་ལྷག་པར་ཏང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས་པ་བརྒྱུད།  རྫོང་ཡོངས་ཀྱི་ན་གཞོན་ཚོར་ཡིག་རིས་ལ་དགའ་ཞེན་བྱེད་པར་སྐུལ་འདེད་བྱས།

སྤྱི་ཟླ7པའི་ཚེས1ཉིན།  ཡིག་རིས་བརྩམས་ཆོས་འགྲན་སྟོན་བདེ་ཆེན་རྫོང་རིག་གནས་ཁང་དུ་སྤེལ་འགོ་བརྩམས་པའི་མཛད་སྒོ་བསྡུ་རྒྱུ་ཡིན་པ་དང་།  འགྲེམ་སྟོན་སྟེང་ཞུགས་པའི་བརྩམས་ཆོས་དག་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ནན་ཏན་སྒོས་དཔྱད་བསྡུར་འདེམས་བསྐོ་བྱས་པ་བརྒྱུད།  ཕུལ་བྱུང་བརྩམས་ཆོས་དག་ལ་བྱ་དགའ་གནང་རྒྱུ་ཡིན་ལ།  རྩོམ་པ་པོས་ཡིད་མཐུན་བྱུང་རྗེས།  རྫོང་རིག་གནས་ཁང་གི་ཉར་ཚགས་བྱེད་རྒྱུ་ཡིན་པ་མ་ཟད། རྩོམ་པ་པོར་འགྲེམ་སྤེལ་བྱེད་རྒྱུ་རེད།  །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག