མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ལས་བཟོ་བ450ལ་སྨན་བཅོས་ཐད་ཀྱི་རོགས་རེས་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-25 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ལས་བཟོ་བའི་སྨན་བཅོས་རོགས་རེས་བྱ་འགུལ་སྤེལ་བ་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ནད་གཞི་ཕོག་ཡོད་པའི་ལས་བཟོ་བ450ལ་སྨན་བཅོས་ཐད་ཀྱི་རོགས་རེས་ལག་དངུལ་སྒོར་ཁྲི345939འདོན་སྤྲོད་བྱས།

རྒྱུས་ལོན་བྱས་པ་ལྟར་ན།  བདེ་ཆེན་ཁུལ་གྱིས་སྤེལ་བའི་ཐེངས་དགུ་བའི་ལས་བཟོ་བའི་སྨན་བཅོས་རོགས་རེས་བྱ་འགུལ་སྟེང་བསྡོམས་པས་ལས་ཁུངས568ཡི་ལས་བཟོ་བ29006ཞུགས་ཡོད་པ་དང་།  རོགས་རེས་ལག་དངུལ་སྒོར་ཁྲི2377800ཧྲག་བསྡུ་བྱས།  ཐེངས་བརྒྱད་པའི་རོགས་རེས་བྱ་འགུལ་དང་བསྡུར་ན་མི2165ཡར་འཕར་ཡོད།  ད་ལོའི་ཟླ6པའི་ཚེས1ཉིན་བར་དུ།  ཁུལ་ཡོངས་ནས་ནད་གཞི་ཕོག་ཡོད་པའི་ལས་བཟོ་བ450ལ་སྨན་བཅོས་ཐད་ཀྱི་རོགས་རེས་ལག་དངུལ་སྒོར་ཁྲི345939འདོན་སྤྲོད་བྱས། 

 བདེ་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་མི་སྣས་རྗེས་མར་ད་དུང་སྔར་ལས་ལྷག་པར་སྨན་བཅོས་ཐད་ཀྱི་རོགས་རེས་བྱ་འགུལ་འཐུས་ཚང་དུ་བཏང་སྟེ།   བྱ་འགུལ་འདིར་ཞུགས་པའི་ལས་བཟོ་བ་དག་ལ་མ་ལག་སྟབས་བདེ་ཡིན་པ་དང་།  ཞབས་ཞུ་ལེགས་པ་བཅས་ལས་བཟོ་བ་ཡིད་ཚིམ་པའི་སྨན་བཅོས་རོགས་རེས་ཁོར་ཡུག་ཞིག་འདོན་སྤྲོད་བྱེད་རྒྱུ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག