མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྲིད་གཞུང་དང་ཡུན་ནན་ཞིང་ལས་དངུལ་ཁང་གཉིས་བར་དངུལ་རྩ་ཕྱོགས་ཀྱི་མཐུན་སྦྱོར་མཉམ་ལས་གན་རྒྱ་བཞག་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-24 10:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་ཞིང་ཆེན་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་བར་དངུལ་རྩ་ཕྱོགས་ཀྱི་མཐུན་སྦྱོར་མཉམ་ལས་གན་རྒྱ་བཞག་སྟེ།  རྗེས་ཕྱོགས་ཞིང་ལས་དངུལ་ཁང་གིས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ནང་དོན་གཙོ་བོ་ཐད་ནས་སྔར་ལས་ནན་ཏན་སྒོས་གཏན་འཁེལ་བྱས།  ཤེས་གསལ་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་ཞིང་ལས་དངུལ་ཁང་གིས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་ཁ་དང་ཟུང་འབྲེལ་བྱས་ཏེ།   ཡིད་རྟོན་དངུལ་བུན་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་གཞི་རྒྱ།  ཐོན་ཁུངས་བཀོད་སྒྲིག་བྱེད་པ་དང་འཁོར་སྤྱོད་ཐད་ནས་བདེ་ཆེན་ཁུལ་གྱི་རྣམ་གྲངས་གཙོ་གནད་འཛུགས་སྐྲུན་དང་ཐོན་ལས་གཙོ་གནད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ།  མཉམ་གཅིག་ཏུ་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱེད་པར་སྐུལ་འདེད་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག