མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་སྤྱི་བདེ་ཅུའུ་དུག་འགོག་ཡན་ལག་རུ་ཁག་གིས་སློབ་གྲྭ་རུ་དུག་འགོག་དྲིལ་བསྒྲགས་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-24 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ6པའི་ཚེས20ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དུག་འགོག་ཡན་ལག་རུ་ཁག་གིས“དུག་འགོག་དྲིལ་བསྒྲགས་ཟླ་འཁོར”སྤེལ་བཞིན་པའི་གོ་སྐབས་དང་བསྟུན་ནས།  སེམས་ཀྱི་ཉི་ཟླ་རྫོང་ལས་རིགས་ལག་རྩལ་སློབ་གླིང་དུ་དུག་འགོག་དྲིལ་བསྒྲགས་བྱ་འགུལ་སྤེལ་ཞིང་།  སློབ་མ400ལྷག་ལ་དུག་རྫས་ལས་ཐེབས་པའི་གནོད་འཚེའམ། དེ་ཇི་ལྟར་སྔོན་འགོག་བྱེད་པ་སོགས་ནས་སློབ་ཁྲིད་བྱས།

སློབ་ཁྲིད་སྐབས་ཁུལ་སྤྱི་བདེ་ཅུའུ་དུག་འགོག་ཡན་ལག་རུ་ཁག་གི་ཉེན་རྟོག་པས་དུག་རྫས་དངོས་དཔེ་འགྲེམ་སྟོན་བྱེད་པ་དང་།  ངོ་མ་བྱུང་ཟིན་པའི་དཔེ་མཚོན་གྱོན་དོན་དབྱེ་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ།  སློབ་མ་ཚོར་བདེ་ཆེན་ཁུལ་གྱི་དུག་འགོག་གནས་ཚུལ་དང་དུག་རྫས་ཀྱི་སྣ་ཁ།  ཁྱད་ཆོས་སོགས་མཚམས་སྦྱོར་བྱས་པ་མ་ཟད།  ན་གཞོན་ཚོར་དུག་རྫས་ལ་ཇི་ལྟར་སྔོན་འགོག་བྱེད་དགོས་པའི་ཤེས་བྱ་སློབ་ཁྲིད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག