མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་སློབ་ཆུང་ལྔ་ཡི་སློབ་མ12ལ“ཤམ་བྷ་ལའི་དངོས་མང་བཤམས་སྟོན་ཁང་དུ་སྐྱོད་པ”ཞེས་པའི་བརྩོ་བསྡུ་བྱ་དགའ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-21 11:33


བྱ་དགའ་གནང་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ6པའི་ཚེས19ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་རིག་གནས་དར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་དང་།  སེམས་ཀྱི་ཉི་ཟླ་རྫོང་སློབ་གསོ་ཅུའུ།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི“ཤམ་བྷ་ལའི་དངོས་མང་བཤམས་སྟོན་ཁང་དུ་སྐྱོད་པ”ཞེས་པའི་རྩོམ་བསྡུ་བྱ་འགུལ་མཇུག་སྒྲིལ་བ་དང་།  སེམས་ཀྱི་ཉི་ཟླ་རྫོང་གི་སློབ་ཆུང་ལྔ་ཡི་སློབ་མ12ལ་བྱ་དགའ་ཐོབ།

 རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་རྩོམ་བསྡུ་བྱ་འགུལ་སྤྱི་ཟླ4བའི་ཚེས23ཉིན་ནས་བཟུང་སྤེལ་འགོ་བརྩམས་པ་དང་།  སྤྱི་ཟླ5བའི་ཚེས20ཉིན་མཇུག་སྒྲིལ་བ་རེད།  དར་དམག་སློབ་ཆུང་དང་རྒྱལ་ཐང་སློབ་ཆུང་། རྡོ་མཁར་གནའ་རྫོང་སློབ་ཆུང་།  སེམས་ཀྱི་ཉི་ཟླ་རྫོང་ཚོད་ལྟ་སློབ་ཆུང་སོགས་རྩོམ་བསྡུ་བྱ་འགུལ་སྟེང་ཞུགས་པ་དང་།  བསྡོམས་པས་རྩོམ་ཡིག168བསྡུས།  རྩོམ་བསྡུ་བྱ་འགུལ་སྤེལ་བ་བརྒྱུད་རྒྱ་ཆེའི་ན་གཞོན་ཚོར་ཡང་དག་པའི་མི་རིགས་ལྟ་བ་ཆགས་ཏུ་འཇུག་པ་དང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པ།  སློབ་མའི་སློབ་གསེང་གི་ཤེས་བྱ་མཐོར་འདེགས་བྱེད་པ།  སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེ་བ་བཅས་ལ་སྐུལ་འདེད་ཐོབ་ངེས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག