ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་གི་ལྔ་བའི་ཚེས་ལྔའི་དུས་ཆེན་སྐབས་སུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་གནས་སྐོར་བ་བསྡོམས་པས་མི་ཐེངས་ཁྲི24.55སྣེ་ལེན་བྱས་པ་དང་། སྒོ་བྱང་ཡོང་སྒོ་སྒོར་ཁྲི7916.03ལ་སླེབས། གནས་སྐོར་བ་དག་ཞིང་ཆེན་ནང་ཁུལ་དང་ཁུལ་ཡོངས་ཀྱི་རྫོང་གསུམ་ནས་ཐོན་པ་ཡིན་ལ། དེའི་ནང་མང་ཆེ་ཤོས་ནི་སེམས་ཀྱི་ཉི་ཟླ་རྫོང་དུ་ལྔ་བའི་རྟ་རྒྱུག་འགྲན་ཚོགས་ལ་ལྟ་རུ་ཡོང་བ་ཡིན་པ་རེད།
གསར་འགོད་པས་བདེ་ཆེན་ཁུལ་གནས་སྐོར་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། སྤྱི་ཟླ6པའི་ཚེས10ཉིན་ནས་ཚེས12ཉིན་བར་དུ། པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་དང་དགའ་ལྡན་སུམ་རྩེན་གླིང་། སྟག་མཆོང་གྲོག་རོང་ཡུལ་ལྗོངས་ཁུལ་བཅས་ཀྱིས་སོ་སོར་གནས་སྐོར་མི་ཐེངས7916དང་། མི་ཐེངས4885། མི་ཐེངས9720བཅས་སྣེ་ལེན་བྱས་ཤིང་། སྒོ་བྱང་ཡོང་སྒོ་སོ་སོར་སྒོར་ཁྲི174.1605དང་། སྒོར་ཁྲི71.61། སྒོར་ཁྲི82.62བཅས་ལ་སླེངས་ཡོད། །