མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཕུལ་བྱུང་སྲིད་འཛིན་ཉེན་རྟོག་པར་གཟེངས་བསྟོད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-14 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས2011ལོ་ནས2012ལོའི་ཕུལ་བྱུང་སྲིད་འཛིན་ཉེན་རྟོག་པ་དང2012ལོར་སྤྱི་ཚོགས་སྟེང་གི་འགལ་ཟླ་ཆེན་པོ་ཐག་གཅོད་བྱེད་པའི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

 རྒྱུས་ལོན་པ་ལྟར་ན།  2011ལོ་ནས2012ལོ་བར་གཟེངས་བསྟོད་ཐོབ་པའི་སེམས་ཀྱི་ཉི་ཟླ་རྫོང་དུ་གཟེངས་བསྟོད་ཐོབ་པའི་སྲིད་འཛིན་ཉེན་རྟོག་པ་བསྡོམས་པས8དང་།  2012ལོའི་སྤྱི་ཚོགས་སྟེང་གི་འགལ་ཟླ་ཆེན་པོ་ཐག་གཅོད་བྱེད་པའི་མི་སྒེར་བསྡོམས་པས6བཅས་ཡོད།  ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་རྫོང་སྲིད་འཛིན་སྡེ་ཁག་སོ་སོ་དང་ཕྱོགས་བསྡུས་བདེ་འཇགས་འགན་སྲུང་ཁོངས་མི་ལས་ཁུངས་དག་རྫོང་ཏང་ཨུ་དང་།  རྫོང་མི་དམངས་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཏང་གི་ལམ་ཕྱོགས་དང་རྩ་དོན།  སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ།  སྤྱི་ཚོགས་ཀྱི་འཆམ་མཐུན་བདེ་འཇགས་འགན་སྲུང་བྱེད་པར་གཙོ་བྱས་པ་བརྒྱུད།  ལྡོག་རྩ་གཅིག་སྒྲིལ་སྒོས་རྫོང་ཡོངས་ཀྱི་འཆམ་མཐུན་བདེ་འཇགས་ལ་འགན་སྲུང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག