མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་ལྔ་བའི་རྟ་རྒྱུག་འགྲན་ཚོགས་སྤེལ་འགོ་བརྩམས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-13 11:33

 
 
 

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས11ཉིན། “མི་རིགས་ཀྱི་རིག་གནས་དར་སྤེལ་བྱས་ཏེ།  མཁར་གྲོང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  འཆམ་མཐུན་གྱི་སེམས་ཀྱི་ཉི་རྫོང་གསར་སྐྲུན་བྱེད་པ”བརྗོད་དོན་ཡིན་པའི2013ལོའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་ཚོགས་སེམས་ཀྱི་ཉི་ཟླ་རྫོང་དུ་སྤེལ་འགོ་བརྩམས།

 ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་དུས་ཡུན་ཉིན་གསུམ་རིང་ལ་སྤེལ་རྒྱུ་ཡིན་ལ།  ཁོན་མིན་དང་ཏྰ་ལི་སོགས་རང་ས་གནས་ཀྱི་རྟ་རྩལ་བ་རྣམས་རྟ་རྩལ་དང་རྟ་ཐོག་ནས་མདའ་འཕངས་བ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲན་བསྡུར་སྟེང་ཞུགས་རྒྱུ་རེད། རྟ་རྒྱུག་འགྲན་ཚོགས་སྤེལ་འགོ་བརྩམས་པའི་ཉིན་དེར།  རྟ་རྩལ་པས་རྟ་ཐོག་ནས་རྟ་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་ནས།  རྟ་རྒྱུག་འགྲན་ཚོགས་སྟེང་ལྟད་མོ་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བར་རིག་རྩལ་གྱ་ནོན་པ་ཞིག་ཉམས་སུ་མྱོང་དུ་བཅུག  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག