མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་འགྲན་ཚོགས་སྤྱི་ཟླ6པའི་ཚེས11ཉིན་སྤེལ་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-08 10:48


ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་འགྲན་ཚོགས་སྤེལ་བར་ད་དུང་ཉིན་དུ་མ་ཡོད་ཀྱང་།  རྟ་རྒྱུག་འགྲན་ཚོགས་སྤེལ་སའི་ར་བ་སྟེ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་སྡེ་བ་རུ་དུས་ཆེན་གྱི་རྣམ་པ་ཞིག་གིས་ཁེངས་འདུག  སྦྲ་གར་མང་པོ་ཕུབ་འདུག་པ་དང་འཁྲབ་སྟོན་རུ་ཁག་གིས་རིག་རྩལ་འཁྲབ་སྦྱོང་བྱེད་བཞིན་ཡོད་ལ། འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པས་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་།  ལས་བཟོ་བས་བྲེལ་མྱུར་ངང་ལྟད་མོ་བའི་སྟེགས་བུ་འཛུགས་སྐྲུན་བྱེད་བཞིན་ཡོད། 

ཤེས་གསལ་བྱུང་བ་ལྟར་ན།  སྤྱི་ཟླ6པའི་ཚེས11ཉིན་ནས་ཚེས13ཉིན་བར།  སེམས་ཀྱི་ཉི་ཟླ་རྫོང་གི་རྟ་རྒྱུག་འགྲན་ཚོགས་རྒྱལ་ཐང་གྲོང་རྡལ་ནས་སྤེལ་རྒྱུ་རེད།  རྟ་རྒྱུག་འགྲན་ཚོགས་སྐབས་སུ་སེམས་ཀྱི་ཉི་ཟླ་རྫོང་ནས་ཐོན་པའི་འཁྲབ་སྟོན་རུ་ཁག10ཡིས་མི་རིགས་སོ་སོའི་ཞབས་བྲོ་གྱ་ནོན་པ་ཞིག་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་མ་ཟད།  བོད་ཁུལ་གྱི་གླུ་བ་དག་གིས་ཀྱང་གླུ་སྙན་མོ་ངག་ལ་འདྲེན་རྒྱུ་ཡིན་པ་དང་། རྟ་མཆོག་ལྔ་བརྒྱས་མཐོ་སྒང་འདི་ནས་རྟ་རྩལ་ངོམས་རྒྱུ་རེད།  །     

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག