མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་ལ་མཐོ་རྒྱུགས་སློབ་མ་ཁྲི23.6ཡོད་པ་དང་ད་ལོར་སློབ་མ་བསྡུ་ལེན་ཚད88%ལས་བརྒལ་བར་རེ་བ་ཡོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ངེས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-07 10:58

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས7ཉིན་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སློབ་མ་ཁྲི912མཐོ་རྒྱུགས་ལ་ཞུགས་ཡོད་ཅིང་། དེའི་ཁྲོད་དུ་ཡུན་ནན་ཞིང་ཆེན་ལ་མཐོ་རྒྱུགས་སློབ་མ་ཁྲི23ཡོད། སློབ་མ་དང་ཁྱིམ་བདག་གིས་རེ་སྒུག་བྱས་ཆོག་པ་ནི། ད་ལོར་མཐོ་རིམ་སློབ་གྲྭ་མང་ཤས་ཀྱིས་ཡུན་ནན་ཞིང་ཆེན་དུ་སློབ་མ་བསྡུ་བའི་འཆར་གཞི་ཇེ་མང་དུ་བཏང་ཞིང་།  དེའི་ནང་ད་ལྟའི་བར་དུ། ཀྲུང་དབྱང་ཨུའུ་ཁོངས་གཏོགས་མཐོ་རིམ་སློབ་གྲྭས་ཡུན་ནན་དུ་སློབ་མ10560བསྡུ་བའི་འཆར་གཞི་བཀོད་དེ། ན་ནིང་ལས་སློབ་མ1374ཡི་ཇེ་མང་དུ་སོང་ནས། ཐོག་དང་པོར་མི་ཁྲི་ལས་བརྒལ་བ་དང་། ད་ལོར་ཡུན་ནན་གྱི་མཐོ་རྒྱུགས་སློབ་མས་གཙོ་གནད་སློབ་ཆེན་དུ་འགྲིམ་པའི་ཕུགས་འདུན་བསྐངས་ཐུབ།

ད་ལོའི་ཡུན་ནན་ཞིང་ཆེན་གྱི་མཐོ་རྒྱུགས་སློབ་མའི་གྲངས་ཀ་ཁྲི་23.6ལ་བསླེབས་པ་འདིའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཞིང་། ཡུན་ནན་ཞིང་ཆེན་གྱི་མཐོ་རྒྱུགས་སླར་གསོ་བྱས་པ་ནས་མི་གྲངས་ཆེས་མང་པའི་ལོ་ཞིག་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག