མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་འབའ་ལུང་རྫོང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-06 11:11

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་ཏང་ཨུའི་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཀྲང་ཀུང་ཞང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

 བཞུགས་མོལ་ཚོགས་འདུའི་སྟེང་།  འབའ་ལུང་རྫོང་སྲིད་གཞུང་གི་འགན་ཁུར་བས་བརྟག་དཔྱད་ཞིབ་འཇུག་ཚན་ཆུང་ལ་འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས2013ལོར་སྤེལ་བའི་བྱ་བ་དང་།  ཀྲུང་དབྱང་གི་ཡིག་ཆ16པ་ལག་ལེན་མཐར་ཕྱིན་བྱེད་པ་སོགས་ཀྱི་གནས་ཚུལ་སྙན་ཞུ་ཕུལ།

 བྱ་བའི་སྙན་ཞུ་ལ་ཉན་རྗེས།   ཀྲང་ཀུང་ཞང་གིས་འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་བྱ་བར་ཚད་མཐོན་པོས་གདེང་འཇོག་བྱས་པ་མ་ཟད། ཞིང་ཆེན་ཡོངས་ནས་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་མི་སྣའི་ཡིད་ཆས་སློབ་གསོ་སྤེལ་བའི་དོན་སྙིང་དང་བྱེད་ཐབས།  རྩ་དོན་སོགས་བརྒྱུད་སྒྲོག་བྱས། 

འབའ་ལུང་རྫོང་ཏང་ཨུ་དང་།  རྫོང་སྲིད་གཞུང་། རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་མི་སྣ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག