མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་གིས་སྔོ་ཚོད་ཀྱི་རྒྱུ་སྤུས་ལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-16 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཞིང་ལས་ཚན་རྩལ་ཅུའུ་དང་།  སྨན་རྫས་ལྟ་སྐུལ་ཅུའུ་སོགས་སྡེ་ཁག་གིས་སྔོ་ཚོད་ཀྱི་ཐོན་སྐྱེད་ལ་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་གིས་སྔོ་ཚོད་རྟེན་གཞི་དང་ཞིང་བའི་སྔོ་ཚོད་ཞིང་སར་ཞིབ་བཤེར་བྱས་པ་དང་།  སྔོ་ཚོད་ཐོན་སྐྱེད་གོ་རིམ་ཁྲོད་སྨན་རྫས་གང་དག་བཀོལ་སྤྱོད་བྱེད་པར་རྒྱུས་ལོན་བྱས་པ་མ་ཟད།  ཞིབ་བཤེར་ཁྲོད་གནས་པའི་གནད་དོན་ལ་དུས་ལྟར་ལེགས་བཅོས་བྱེད་དགོས་པའི་བླང་བྱ་བཏོན།

 ཚ་གྲངས་ཆེ་བའི་གནམ་གཤིས་ཀྱིས་སྔོ་ཚོད་དྲོད་ཁང་ལ་གནོད་པ་གཏོང་བཞིན་ཡོད་པ་དམིགས་ཏེ།  ཞིབ་བཤེར་ཚན་ཆུང་གིས་ད་དུང་སྔོ་ཚོད་འདེབས་མཁན་རྣམས་ལ་དྲོད་ཁང་ནང་གི་ཚ་གྲངས་དུས་ལྟར་དྲོད་ཚད་ཇེ་དམའ་རུ་གཏོང་བ་དང་།  དྲོད་ཁང་ལས་སྤྱི་གནོད་མེད་པའི་སྔོ་ཚོད་ཐོན་སྐྱེད་བྱེད་དགོས་པའི་བླང་བྱ་བཏོན། 

ཐེངས་འདིའི་སྔོ་ཚོད་ཐོན་སྐྱེད་ཞིབ་བཤེར་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་དང་།  སྔོ་ཚོད་འདེབས་མཁན་གྱི་གནས་ཚུལ་ཐོ་འགོད་བྱེད་པ།  སྔོ་ཚོད་ཀྱི་རྒྱུ་སྤུས་ལ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས།  བདེ་ཆེན་རྫོང་གི་སྔོ་ཚོད་ཀྱི་རྒྱུ་སྤུས་ཁེག་ཐག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག