མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྤྱི་ཟླ1པོ་ནས་སྤྱི་ཟླ4བའི་བར་སེམས་ཀྱི་ཉི་ཟླ་རྫོང་གིས་ཚོང་འགུག་དངུལ་འདྲེན་མ་དངུལ་སྒོར་དུང་ཕྱུར7ལྷག་དངོས་འབེབས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-16 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ4བའི་བར་དུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཚོང་འགུག་དངུལ་འདྲེན་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན་པ་དང་།  མ་དངུལ་སྒོར་དུང་ཕྱུར7.1968དངོས་འབེབས་བྱས།  ཚོང་འགུག་དངུལ་འདྲེན་ལས་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར12.65ལེགས་འགྲུབ་བྱུང་ཞིང་།  ན་ནིང་དང་བསྡུར་ན་དུས་མཉམ་ལས་སྒོར་དུང་ཕྱུར4.5925ཡར་འཕར། 

 སྤྱི་ཟླ1པོ་ནས་སྤྱི་ཟླ4བའི་བར་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས45ལག་བསྟར་བྱས་ཤིང་།  ལག་བསྟར་བྱས་པའི་དཔལ་འབྱོར་མཉམ་ལས་རྣམ་གྲངས45ཁྲོད།  གློག་ཤུགས་གསར་སྤེལ་རྣམ་གྲངས13དང་།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས13།  གཏེར་ཁའི་གསར་སྤེལ་རྣམ་གྲངས8།  གནས་སྐོར་གསར་སྤེལ་རྣམ་གྲངས4།  ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས5།  ལས་སྣོན་ལས་རིགས་བཅས་རྣམ་གྲངས་གཞན་དག2བཅས་འདུས།  གསར་སྤེལ་ཚོང་བདག་རྣམས་སོ་སོ་ཀྲའེ་ཅང་དང་པེ་ཅིན།  ཧྥུ་ཅན།  ཧུའུ་ནན།  ཀན་སུའུ། སི་ཁྲོན།  ཞང་ཀང་སོགས་ཞིང་ཆེན་དང་ས་ཁུལ་ནས་ཐོན་པ་ཡིན་ལ།  ཕྱི་ཕྱོགས་ཁེ་ལས་ཀྱིས་མ་དངུལ་གཏོང་བ་ནི་རྫོང་འདིའི་དཔལ་འབྱོར་འཕེལ་རྒྱས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག