མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ད་ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་མི་ཁྲི1.85ཡི་འཐུང་ཆུའི་གནད་དོན་ཐག་གཅོད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-08 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་སྔར་ལས་ལྷག་པར་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་ལ་ཤུགས་བསྣན་ནས།  མི་ཁྲི1.85ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

 སེམས་ཀྱི་ཉི་ཟླ་རྫོང་གིས་དོན་དངོས་སྟེང་འགོ་ཁྲིད་རྩ་འཛུགས་བྱེད་པ་དང་མ་དངུལ་ཧྲག་བསྡུ་བྱེད་པར་ཤུགས་བསྣན་ནས“གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་།  གཙོ་གནད་འབུར་དུ་ཐོན་དགོས་པ།  འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ།  ཁེ་ཕན་ལ་དོ་སྣང་བྱེད་པའི”ལྟར།  ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད།  རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་ནི་དམངས་ཕན་གཙོ་གནད་བཟོ་འགོད་ཞིག་ཏུ་ངོས་བཟུང་ནས།  ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ།  བཟོ་འགོད་འཛུགས་སྐྲུན་གྱི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་།  ཇུས་གཞི་དང་བྱེད་ཐབས་སྣ་ཚོགས་གཏན་འཁེལ་བྱས་པ་སོགས་རང་རང་གི་ལས་འགན་གཏན་འཁེལ་བྱས་པ།  བཟོ་འགོད་དོ་དམ་ཕྱོགས་ལ་ཤུགས་སྣོན་པ།  བཟོ་འགོད་རྒྱུ་སྤུས་ལྟ་སྐུལ་ལ་ཤུགས་སྣོན་པ།  ཡུན་རིང་ལ་ཕན་པའི་དོ་དམ་འགན་སྲུང་ལམ་ལུགས་བཙུགས་པ་སོགས་སྤྱི་ཚོགས་དང་དཔལ་འབྱོར་ཐད་ནས་ཁེ་ཕན་ལེགས་པོ་ཐོབ་པར་ཁག་ཐེག་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག