མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་གྲོང་དངུལ་ཁང་གིས་མི་འགྱངས་པར་ལས་གཉེར་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-08 11:36

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་གྲོང་དངུལ་ཁང་དང་པོ་སྟེ།  སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་གྲོང་དངུལ་ཁང་སྤྱི་ཟླ5བའི་ཚེས8ཉིན་ལས་གཉེར་བྱེད་རྒྱུ་རེད།  ཤེས་གསལ་བྱུང་བ་ལྟར་ན།  སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་གྲོང་དངུལ་ཁང་ནི་ཁྲོན་ཆིན་གྲོང་ཁྱེར་ཚོང་ལས་དངུལ་ཁང་གིས་གཙོ་སྒྲུབ་བྱས་པ་དང་།  བདེ་ཆེན་ཁུལ་གྱི་ཁེ་ལས་འགན་ཁུར་མི་སྣས་མ་རྐང་ཞུགས་ནས།  གཙོ་བོ“ཞིང་གསུམ”དང་ཁེ་ལས་ཆུང་འབྲིང་ལ་དངུལ་རྩ་ཕྱོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཞིང་སྡེའི་དངུལ་རྩའི་སྡེ་ཁག་གསར་བ་ཞིག་ཡིན།  སེམས་ཀྱི་ཉི་ཟླ་རྫོང་ཞིང་གྲོང་དངུལ་ཁང་གིས་ཚོང་ར་ཁ་ཕྱོགས་ནས། ཁྲིམས་མཐུན་དང་བདེ་བླག་ངང་ཚོང་གཉེར་བྱེད་པར་རྒྱུན་འཁྱོངས་བྱས་པ་བརྒྱུད། མཁར་གྲོང་གི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ནས།  བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག