མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གི་ཆེད་ལས་མཐུན་ཚོགས་གཉིས་དང་ཚན་རྩལ་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་གཅིལ་ལ་ཞིང་ཆེན་རིམ་པའི་གཟེངས་བསྟོད་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-05-02 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན།  ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་ཡུན་ནན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་གཉིས་ཀྱིས2012ལོའི་ཞིང་སྡེའི་སྔོན་ཐོན་ཆེད་ལས་ལག་རྩལ་མཐུན་ཚོགས་དང་།  སྔོན་ཐོན་ལས་བྱེད་པ་ལ་གཟེངས་བསྟོད་བྱས།  དེའི་ནང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་ཞིང་སྡེའི་ཆེད་ལས་མཐུན་ཚོགས་གཉིས་དང་ཚན་རྩལ་ལས་བྱེད་པ་གཅིག་གཟེངས་བསྟོད་བྱེད་པའི་གྲས་སུ་ཚུད།

འབའ་ལུང་རྫོང་ཡུན་ཁྲུན་ཤང་ཐའོ་ཀྲུ་སྡེ་བའི་རྩྭ་སྨན་འདེབས་འཛུགས་མཐུན་ཚོགས་ལ་རྒྱལ་ཡོངས་ཞིང་སྡེའི་སྔོན་ཐོན་ཆེད་ལས་ལག་རྩལ་མཐུན་ཚོགས་དང་།  འབའ་ལུང་རྫོང་པའོ་ཧུ་གྲོང་རྡལ་ལ་ཧོ་ཀྲུའུ་སྡེ་བའི་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་མཐུན་ཚོགས་ལ་ཡུན་ནན་ཞིང་ཆེན་ཞིང་སྡེའི་སྔོན་ཐོན་ཆེད་ལས་ལག་རྩལ་མཐུན་ཚོགས།  འབའ་ལུང་རྫོང་ཚན་རྩལ་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་ཙེན་ཡུའེ་ལིན་ལ་ཞིང་སྡེའི་ཚན་རྩལ་མཐུན་ཚོགས་ཀྱི་སྔོན་ཐོན་མི་སྣ་བཅས་ལ་མཚན་སྙན་ཐོབ།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག