མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་གྱིས་བཅའ་ཁྲིམས་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-02 10:16

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས28ཉིན་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་ཁྱབ་བསྒྲགས་བྱས་པ་ལྟར་ན། 《ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་བྱ་བའི་སྲོལ་ཡིག》གྲོས་ཞིབ་བྱས་ནས། ཟླ5པའི་ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་རེད།

《ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་བྱ་བའི་སྲོལ་ཡིག》ལ་དོན་ཚན24ཡོད་པ་དང་། 《སྲོལ་ཡིག》ཁྲོད་གཏན་འབེབ་བྱས་པ་ལྟར་ན་མི་རིགས་མཐོ་རིམ་སློབ་གྲྭ་དང་ཆ་རྐྱེན་ཡོད་པའི་མཐོ་རིམ་སློབ་གྲྭ་གཞན་དག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག་གི་ཆེད་ལས་འཛུགས་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག་ཆེད་ལས་ལ་རྒྱུགས་སྤྲོད་པའི་སློབ་མ་རྣམས་ལ་སྐད་རིགས་ལྟར་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆུ་ཚད་དམ་ནུས་པའི་རྒྱུགས་ལེན་དགོས་པ། དེ་མིན་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་དང་། རྩོམ་སྒྲིག སློབ་ཁྲིད། རྒྱང་བསྒྲགས། ལོ་ཙཱ་བཅས་ཀྱི་ལས་ཀ་གཉེར་མཁན་གྱིས་ཆེད་ལས་ལག་རྩལ་གྱི་ལས་ཀའི་མིང་རིམ་རེ་ཞུ་བྱེད་པར་ཕྱི་སྐད་ཀྱི་རྒྱུགས་སྤྲོད་མི་དགོས་པ་རེད།

ཡུན་ནན་ཞིང་ཆེན་ལ་མི་གྲངས5000ཡན་ཡོད་པའི་གྲངས་ཉུང་མི་རིགས25ཡོད་པ་དང་། དེའི་ཁྲོད་མི་རིགས་རང་ཉིད་ཀྱི་སྐད་བརྡ་ཡོད་པའི་མི་རིགས22དང་མི་རིགས་རང་ཉིད་ཀྱི་ཡི་གེ་ཡོད་པའི་མི་རིགས14ཡོད་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག