ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ཁུལ་ཡོངས་ཀྱི་མི་དམངས་ལ་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཚང་མས་ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ་ཕྱོགས་ཡོངས་ཀྱིས་རོགས་སྐྱོར་བྱེད་པའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། གཡག་རྔ་ས་ཁུལ་གྱི་མི་དམངས་ལ་བྱམས་བརྩེའི་ལག་ཟུང་རིང་བོ་སྲིང་ནས་གནོད་ཐེབས་ས་ཁུལ་གྱི་མི་དམངས་རྣམས་སྡུག་བསྔལ་ལས་ཐར་བར་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།
བདེ་ཆེན་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བདེ་ཆེན་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་གཞུང་སྒྲུབ་ཁང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གི་ཐོག་ཁང་དང་པོ་རུ་གནས་སྤར་བ་དང་། ཞལ་འདེབས་ཕུལ་མཁན་གྱིས་སྒེར་གྱིས་རོགས་དངུལ་དང་དངོས་ཟོག་ཕུལ་བ་བདམས་ཆོག མིག་སྔར་ཞལ་འདེབས་ཕུལ་བའི་ཁ་པར0887-8225318དང་། 18908871168བཅས་ཤར་གཏོང་བྱས་ཡོད་པ་མ་ཟད། ད་དུང་ཞལ་འདེབས་ཕུལ་བའི་ཐོ་ཁོངས་ཀྱང་གཏན་འཁེལ་བྱས་ཡོད་ལ། ཞལ་འདེབས་ཕུལ་བའི་ཐོ་ཁོངས་གནས་ཡུལ་ནི་བཟོ་ཚོང་དངུལ་ཁང་སྟེ་སེམས་ཀྱི་ཉི་ཟླ་རྫོང་ཡན་ལག་དངུལ་ཁང་ཡིན་པ་དང་། རྩིས་ཐོའི་ཨང་གྲངས2514024829200008178ཡིན།
བདེ་ཆེན་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་ཕུལ་བར་འདྲ་མཉམ་དང་དྲང་གཞག་གི་རྩ་དོན་ལྟར་དང་། ཞལ་འདེབས་ཕུལ་མཁན་གྱི་འདོད་བློ་ལྟར། ཞལ་འདེབས་སུ་ཕུལ་བའི་རོགས་དངུལ་དང་དངོས་གཟོ་ཚང་མ་ཡུན་ནན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གཅིག་གྱུར་སྒོས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལག་ཏུ་སྤྲོད་རྒྱུ་དང་། ཞལ་འདེབས་བྱ་འགུལ་མཇུག་རྫོགས་རྗེས་ཁུལ་ནང་ཁུལ་གྱི་སྨྱད་བྱད་ལ་བརྟེན་ནས་སྤྱི་ཚོགས་སྟེང་ལ་ཞལ་འདེབས་ཕུལ་བའི་གནས་ཚུལ་སྤྱི་བསྒྲགས་བྱེད་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོས་ཞལ་འདེབས་མ་དངུལ་བཀོལ་བའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་བཞིནཡོད། །