མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

དགའ་ལྡན་སུམ་རྩེན་གླིང་གིས་རྒྱལ་ཁབ5Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་གྲས་སུ་ཚུད་པའི་ཡིག་ཐོག་སྙན་ཞུ་ཕུལ་བའི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་བཞིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-04-26 10:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དགའ་ལྡན་སུམ་རྩེན་གླིང་ཡུལ་ལྗོངས་ཁུལ་གྱིས་རྒྱུན་ཆད་མེད་པར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་སུ་བཏང་ནས།  ནུས་ཡོད་ཡོད་དགུ་བཏོན་ནས་རྒྱལ་ཡོངས5Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་གྲས་སུ་ཚུད་པར་ཡིག་ཐོག་སྙན་ཞུ་ཕུལ་བར་གྲ་སྒྲིག་བྱས།

 5Aརིམ་པའི་ཡུལ་ལྗོངས་ཁུལ་ནི་རྒྱལ་ཡོངས་གནས་སྐོར་ཡུལ་ལྗོངས་ཁུལ་གྱི་ཆེས་མཐོ་བའི་མཚན་སྙན་ཡིན་པ་དང་།  འཛམ་གླིང་རིམ་པའི་གནས་སྐོར་རྒྱུ་སྤུས་ཀྱི་འཐུས་ཚབ་དང་ཀྲུང་གོའི་ཕུལ་བྱུང་གནས་སྐོར་ཡུལ་ལྗོངས་ཁུལ་གྱི་མཚོན་རྟགས་ཀྱང་ཡིན།  མིག་སྔར་རྒྱལ་ཡོངས་སུ5Aརིམ་པའི་ཡུལ་ལྗོངས་ཁུལ་བསྡོམས་པས154ཡོད་པ་དང་།  ཡུན་ནན་ཞིང་ཆེན་ནི་གནས་སྐོར་ཞིང་ཆེན་གྲགས་ཅན་ཡིན་པའི་ཆ་ནས5Aརིམ་པའི་ཡུལ་ལྗོངས6ཡོད་ལ། བདེ་ཆེན་ཁུལ་དུ་གཅིག་མ་གཏོགས་མེད། 

དགའ་ལྡན་སུམ་རྩེན་གླིང་འདི་བདེ་ཆེན་ཁུལ་གྱི5Aརིམ་པའི་ཡུལ་ལྗོངས་ཁུལ་གཉིས་པ་རུ་གསར་སྐྲུན་བྱེད་ཆེད།  ན་ནིང་སྤྱི་ཟླ11པ་ནས་བཟུང་།  བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གིས་དགའ་ལྡན་སུམ་རྩེན་གླིང་འདི5Aརིམ་པའི་ཡུལ་ལྗོངས་ཁུལ་གྱི་གྲས་སུ་ཚུད་པའི་ཡིག་ཐོག་སྙན་ཞུ་ཕུལ་བར་དོ་སྣང་ཆེན་པོ་བྱས་ཤིང་།  དུས་ཐོག་ཏུ་འགོ་ཁྲིད་ཚན་ཆུང་བཙུགས་ནས་རྩ་བའི་བསམ་ཕྱོགས་གཏན་འཁེལ་བྱས་པ་མ་ཟད།  སྤྱི་ཟླ3པའི་ཚེས15ཉིན་ནས་བཟུང་དངོས་སུ་གོང་རིམ་ལ་ཡིག་ཐོག་སྙན་ཞུ་ཕུལ་བའི་བྱ་བ་སྒྲུབ་འགོ་བརྩམས། 

མིག་སྔའི་བར་དུ།  དགའ་ལྡན་སུམ་རྩེན་གླིང་ཡུལ་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་བདེ་བླག་ངང་སྤེལ་བཞིན་ཡོད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག