མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར5.24བརྩོན་ལེན་བྱས་ཏེ་ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-04-25 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས་པའི“ཞིང་གསུམ”བྱ་བའི་གྲོས་ཚོགས་སྟེང་ཤེས་གསལ་བྱུང་བ་ལྟར་ན།  སེམས་ཀྱི་ཉི་ཟླ་རྫོང་གིས་ཆུ་བེད་དང་སྐྱེ་ཁམས་སོགས་གཙོ་གནད་དུ་བཞག་ནས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  རྒྱུན་ཆད་མེད་པར་ཞིང་སྡེའི་རྨང་གཞི་ཆ་རྐྱེན་ལེགས་བཅོས་དང་།  ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་རེད། 

 རྣམ་གྲངས་བརྩོན་ལེན་བྱེད་པར་ཤུགས་སྣོན་རྒྱུ་ཡིན་པ་སྟེ།  ད་ལོར་མ་དངུལ་སྒོར་དུང་ཕྱུར5.24བརྩོན་ལེན་བྱས་ཏེ་རྣམ་གྲངས23འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ལ།  རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གཏོང་བའི་ཁ་ཕྱོགས་ལ་བསྟུན་ནས།  རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས“ཞིང་གསུམ”བྱ་བའི་དམིགས་འབེན་ལ་ཁ་ཕྱོགས་ནས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་པ་དང་།  རྣམ་གྲངས་ལ་བརྟེན་ནས་ཐོན་ལས་དར་སྤེལ་བྱེད་པ།  རྣམ་གྲངས་ཀྱིས་ཐོན་ལས་ཐད་ཞབས་འདེགས་ཞུ་བ་སོགས་རྫོང་ཡོངས་ནས་ཐོན་ལས་རྣམ་གྲངས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ལེགས་པོ་ཞིག་ཆགས་སུ་འཇུག་པར་བརྩོན་ལེན་བྱེད་རྒྱུ་རེད།

གཞུང་ལམ་གཙོ་ཡིན་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ཡིན་པ་སྟེ། འགྲིམ་འགྲུལ་དང་དབུལ་སྐྱོར། ནོར་སྲིད།  འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་ཤང་གྲོང་སོ་སོས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ཁོམ་ཁ་ཇེ་མགྱོགས་སུ་བཏང་ནས།  དོན་དམ་པར་ཞིང་སྡེའི་གཞུང་ལམ་དྲ་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་སོགས་གཞུང་ལམ་སྲ་འགྱུར་དང་སྡེ་བ་རུ་ཐོན་པའི་གཞུང་ལམ་ཇེ་བདེ་རུ་ཡོང་བར་བརྩོན་ལེན་བྱེད་རྒྱུ་རེད།

ཞིང་སའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ཡིན་པ་སྟེ། ཞིང་སའི་ཆུ་བེད་གཙོ་གནད་རྫོང་འཛུགས་སྐྲུན་བྱེད་པ་བཅས་་ཞིང་སྡེའི་འཐུང་ཆུ་བདེ་འཇགས་དང་ཆུ་བོ་ཆུང་འབྲིང་ལེགས་བཅོས་བྱེད་པ།  ཉེན་ཁ་ཡོད་པའི་ཆུ་མཛོད་ཞིག་གསོ་བྱེད་པ།  ཆུ་ལོག་སྔོན་འགོག་བྱེད་པ།  ཞིང་ལས་ཕྱོགས་བསྡུས་གསར་སྤེལ་སོགས་བཟོ་འགོད་ལ་མཁོ་བའི་མ་དངུལ་བརྩོན་ལེན་བྱེད་པར་ཤུགས་བསྣན་ཏེ།  རྒྱལ་ཐང་གྲོང་རྡལ་གྱི་ཆུ་མཛོད་དང་ཁང་སིའི་ཆུ་མཛོད་འཛུགས་སྐྲུན་བྱེདཔའི་ཁོམ་ཁ་ཇེ་མགྱོགས་སུ་བཏང་བ་དང་།  བཟོ་འགོད་འཛུགས་སྐྲུན་དོ་དམ་དང་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་ཁྲི1.85ཡི་འཐུང་ཆུའི་གནད་དོན་ཐག་གཅོད་པ་བརྩོན་ལེན་བྱེད་རྒྱུ་རེད།

སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ཏེ་ས་ཆུ་ཤོར་བར་ལེགས་བསྒྱུར་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ་སྟེ།  སྡེ་བ་ཡོངས་དང་གྲོང་རྡལ་ཡོངས་ནས་ཁ་གཏད་རོགས་སྐྱོར་དང་ཞིང་སྡེའི་གསར་བ་འཛུགས་སྐྲུན།  སྐྱེ་ཁམས་གནས་སྤོར་སོགས་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད།  ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་གོམ་ཁ་སྔར་ལས་ཇེ་མགྱོགས་སུ་བཏང་ནས།  ཞིང་བ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དོན་དངོས་སུ་ལེགས་བཅོས་བྱེད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག