མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་དང་ཞང་ཁྲེང་རྫོང་བར་འཆམ་མཐུན་འབྲེལ་མཚམས་གསར་སྐྲུན་བྱེད་པར་གྲོས་མཐུན་བྱུང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-04-25 10:36

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། སེམས་ཀྱི་ཉི་ཟླ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་གིས་སྣེ་ཁྲིད་པའི་ཏང་སྲིད་འཐུབ་ཚབ་ཚོགས་པ་ཁྱིམ་མཚེས་བོད་ཁུལ་དུ་སོང་ནས་འབྲེལ་མཚམས་གསར་སྐྲུན་བྱེད་པའི་འབྲེལ་ཡོད་ལས་དོན་གྲོས་མོལ་བྱས་པ་མ་ཟད།  སི་ཁྲོན་ཞིང་ཆེན་ཞང་ཁྲེང་རྫོང་གི་འབྲེལ་ཡོད་མི་སྣ་དང་བཞུགས་མོལ་བྱས།  ཕྱོགས་གཉིས་ཀྱིས་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད།  མཉམ་གཅིག་ཏུ་འཆམ་མཐུན་འབྲེལ་མཚམས་གསར་སྐྲུན་བྱེད་པར་གྲོས་མཐུན་བྱུང་།

 ཞང་ཁྲེང་རྫོང་གི་འབྲེལ་ཡོད་མི་སྣ་དང་མཞུགས་མོལ་བྱེད་སྐབས།  ཡུས་ཧྲིན་ཞང་གིས་སེམས་ཀྱི་ཉི་ཟླ་རྫོང་དང་ཞང་ཁྲེང་རྫོང་གཉིས་རི་ཆུ་འབྲེལ་ཡོད་པ་དང་།  བདེ་འཇགས་འབྲེལ་མཚམས་འཛུགས་སྐྲུན་དང་མཉམ་སྒོས་འཕེལ་རྒྱས་བྱེད་པར་གཅིག་མཐུན་གྱི་དམིགས་འབེན་དང་ལས་འགན་ཡོད། གནས་འདིར་ཡོང་བའི་དམིགས་ཡུལ་ནི་བསམ་བློ་བརྗེ་རེས་བྱས་ཏེ།  མུ་མཐུད་དུ་རྫོང་གཉིས་བར་ལོ་མང་པོ་རིང་ཆགས་པའི་བརྩེ་དུང་ཟབ་མོ་རྒྱུན་འཛིན་བྱེད་པ་དང་།  འབྲེལ་མཚམས་མཐུན་སྦྱོར་མཉམ་ལས་ཐད་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས།  དོན་དངོས་སྟེང་མཛའ་མཐུན་ཁྱིམ་མཚེས་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བྱེད་དགོས་པར་བསྟན།

 གྲོས་མོལ་བྱས་པ་བརྒྱུད།  རྫོང་གཉིས་བར་འཆམ་མཐུན་མཐུན་མཚམས་འཛུགས་སྐྲུན་བྱེད་པའི་མཐུན་སྦྱོར་གན་རྒྱ་བཞག་པ་དང་།  ཕྱོགས་གཉིས་ཀྱིས་སྲིད་འཛིན་མངའ་ཁོངས་བར་འབྲེལ་མཚམས་མཐུན་སྦྱོར་ཐད་ཡུན་རིང་ལ་ཕན་པའི་ལམ་ལུགས་གསར་འཛུགས་བྱས་ནས།  སྲིད་འཛིན་མངའ་ཁོངས་བར་གྱི་འགལ་ཟླ་བརྟག་དཔྱད་བྱེད་པ་དང་འབྲེལ་མཚམས་གྱི་བདེ་སྲུང་མཉམ་ལས་ཕྱོགས་ནས་ཤུགས་སྣོན་རྒྱུ་རེད།  །  

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག