མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧྲང་ཧེ་གྲོང་ཁྱེར་མིང་ཞིན་ས་ཁུལ་གྱིས་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གསུམ་པའི་དབུལ་ཕོངས་སློབ་མ46ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2013-04-24 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ4བའི་ཚེས21ཉིན་གྱི་ཕྱི་དྲོར།  ཧྲང་ཧེ་གྲོང་ཁྱེར་མིང་ཞིན་ས་ཁུལ་སློབ་གསོ་ཅུའུ་ཡིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གསུམ་པའི་དབུལ་ཕོངས་སློབ་མ46ལ་རོགས་སྐྱོར་བྱས་པ་དང་།  སློབ་མ་རེར་སྒོར2500ནས8000རོགས་སྐྱོར་བྱས་པ་དང་བསྡོམས་པས་མ་དངུལ་སྒོར་ཁྲི141000འགྲེམ་གཏོང་བྱས།

ཞལ་འདེབས་ཕུལ་བའི་མཛད་སྒོ་སྟེང་།  ཧྲང་ཧེ་གྲོང་ཁྱེར་མིང་ཞིན་ས་ཁུལ་སློབ་གསོ་ཅུའུ་ཡི་འཐུས་མིས་སློབ་མ་ཚོའི་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ།  སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་ཤེས་ལྡན་པ་ཞིག་འགྱུར་དགོས་པའི་སྐུལ་མ་བཏང་།  རོགས་སྐྱོར་ཐོབ་པའི་སློབ་མ་ཚོས་ཀྱང་མ་འོངས་བའི་སློབ་སྦྱོང་ཁྲོད་དུ་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་པ་དང་།  སྦྱང་འབྲས་ལེགས་པོ་ཞིག་བླངས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་པར་བསྟན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག