མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་གྱི་དྲ་གྲོགས5000ལྷག་གིས་སི་ཁྲོན་གཡག་རྔ་གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི27.6ཞལ་འདེབས་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།    2013-04-24 10:53

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཀྲི་ཧྥུ་པའོ་ནས་ཤེས་གསལ་བྱུང་བ་ལྟར་ན།  ཁ་སང་སྔ་དྲོའི་དུས་ཚོད12བར་དུ།  དྲ་གྲོགས་ཁྲི45ཡིས་ཀྲི་ཧྥུ་པའོ་བྱམས་སེམས་ཞལ་འདེབས་སྟེགས་བུ་ལ་བརྟེན་ནས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བ་སྒོར་ཁྲི2100ལས་བརྒལ་ཡོད།  ཡུན་ནན་ཞིང་ཆེན་དུ་དྲ་གྲོགས5000ལྷག་ཐེངས་འདིའི་ཞལ་འདེབས་ཕུལ་བའི་བྱ་འགུལ་ནང་ཞུགས་ཡོད་ལ།  གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི27.6བསྐྱལ། 

ཤེས་གསལ་བྱུང་བ་ལྟར་ན། ཞལ་འདེབས་སྒོར་མོ་འདི་དག་ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ཚོགས་པ་དང་།  བྱམས་བརྩེ་ཐེབས་རྩ་ཚོགས་པ་སོགས་སྤྱི་ཕན་སྡེ་ཁག་བརྒྱུད་ནས།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་རྣམས་སྔ་མོ་ནས་དཀའ་ཁག་ལས་ཐར་བར་རོགས་སྐྱོར་བྱས།  གསར་འགོད་པས་རྒྱུན་ལོན་པ་ལྟར་ན། ཐེངས་འདིའི་ཞལ་འདེབས་བྱ་འགུལ་སྟེང་ཞུགས་པའི་ཡུན་ནན་ཞིང་ཆེན་གྱི་དྲ་གྲོགས་ཁྲོད།  མི1700གྱིས་ལག་འཁྱེར་ཁ་པར་ལ་བརྟེན་ནས་ཞལ་འདེབས་བྱ་འགུལ་སྟེང་ཞུགས་པ་དང་།  གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་བྱེད་དུས།  ཞལ་འདེབས་ཕུལ་མཁན་ད་དུང་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག