མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གསར་སྤེལ་ཁུལ་གྱིས་སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་ཐད་དུང་ཕྱུར4ལྷག་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-30 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ན་ནིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དཔལ་འབྱོར་གསར་སྤེལ་ཁུལ་ཏང་ཨུ་དང་།  དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐོ་མཐའ་བར་གསུམ་དུ་ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བྱས་ཏེ།  ཁུལ་ཡོངས་ཀྱི་བྱ་བའི་གཙོ་གནད་ལ་ཁ་ཕྱོགས་པ་དང་།  ནན་ཏན་སྒོས་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་ལས་འགན་ལམ་ལུགས་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་ཏང་གི་འཛུགས་སྐྲུན་དང་ཐོན་ལས་འཛུགས་སྐྲུན། སྒྲིག་ཆས་འཛུགས་སྐྲུན།  ལམ་ལུགས་འཛུགས་སྐྲུན།  ཁོར་ཡུག་འཛུགས་སྐྲུན།  རང་ཉིད་འཛུགས་སྐྲུན་སོགས་འཛུགས་སྐྲུན་བཟོ་འགོད་དྲུག་སྐུལ་སྤེལ་བྱས་པ་བརྒྱུད།  གསར་སྤེལ་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

 ན་ནིང་ལོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཁྲི39599བཏང་ཞིང་།  ལོ་འགོར་འཆར་གཞི་ལས101%ལེགས་འགྲུབ་བྱུང་།  ཕྱི་ཕྱོགས་ཀྱི་མ་དངུལ་སྒོར་ཁྲི90862དངོས་འབེབས་བྱས་པ་དང་། ཁུལ་སྲིད་གཞུང་གིས་དམིགས་འབེན་ལས་འགན་གྱི130%ལེགས་འགྲུབ་བྱུང་། ནོར་སྲིད་ཕྱོགས་ཀྱི་སྤྱིའི་ཡོང་སྒོ་སྒོར་ཁྲི25647ལེགས་འགྲུབ་བྱུང་བ་དང་།  ཞིང་བའི་ཆ་སྙོམས་སུ་ཡོང་སྒོ་སྒོར6133སླེབས་པ་དང་འཕར་ཚད16.5%བཅས་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག