མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཧི་ཚོགས་སྒྲིལ་གྱིས་མ་དངུལ་སྒོར་ཁྲི800བཏང་ནས་སེམས་ཀྱི་ཉི་ཟླ་རྫོང་གི་སློབ་གསོར་རྒྱབ་སྐྱོར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-30 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཧོང་ཧི་ཚོགས་སྒྲིལ་ཚད་ཡོད་ཀུང་ཟི་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གཉིས་ཀྱིས་ཁོན་མིན་གྲོང་ཁྱེར་ནས་རོགས་སྐྱོར་གན་རྒྱ་བཞག་པ་དང་།  རྗེས་ཕྱོགས་ཀྱི་་ལོ་ངོ་གསུམ་ནང་ཧོང་ཧུ་ཚོགས་སྒྲིལ་གྱིས་ལོ་རེར་མ་དངུལ་སྒོར་ཁྲི800ལྷག་བཏང་ནས། སེམས་ཀྱི་ཉི་ཟླ་རྫོང་གི་སློབ་གསོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་རེད། 

གན་རྒྱ་ལྟར2013ལོ་ནས2015ལོ་བར་དུ། ཧོང་ཧུ་ཚོགས་སྒྲིལ་གྱིས་སེམས་ཀྱི་ཉི་ཟླ་རྫོང་དུ་མ་དངུལ་སྒོར་ཁྲི680བཏང་སྟེ“ཧོང་ཧི་རེ་འདུན་སློབ་གྲྭ”འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཧོང་ཧི་སློབ་ཞུགས་རོགས་སྐྱོར་བཟོ་འགོད་ལག་བསྟར་བྱས་པ་དང་མ་དངུལ་སྒོར་ཁྲི60བཏང་ནས།  དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ་རྣམས་བདེ་བླག་ངང་མཐོ་འབྲིང་དང་སློབ་གྲྭ་ཆེན་མོར་འགྲིམ་པར་རོགས་སྐྱོར་བྱས་པ་དང་།  དངོས་གཞི་སློབ་མ་རེར་སྒོར5000དང་མཐོ་འབྲིང་གི་སློབ་མ་རེར་སྒོར2000བཅས་གཏོང་རྒྱུ་ཡིན་པ་མ་ཟད།  ད་དུང་ཧོང་ཧི་སློབ་ཞུགས་རོགས་སྐྱོར་ཐེབས་རྩའི་མ་དངུལ་སྒོར་ཁྲི30ཕུལ་ནས། དུས་ཡུན་རིང་བོའི་ནང་བོད་ཁུལ་དུ་སློབ་གསོ་གཉེར་བཞིན་པའི་ཕུལ་བྱུང་དགེ་རྒན་དང་།  ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རིན།   ཕུལ་བྱུང་སློབ་གཙོ་བཅས་ལ་བྱ་དགའ་གནང་རྒྱུ་རེད།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག