མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་དམངས་སྲིད་ཅུའུ་ཡིས་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-29 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དམངས་སྲིད་ཅུའུ་ཡིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ད་ལོའི་ལོ་འགོར་གཏན་འཁེལ་བྱས་པའི་བྱ་བའི་དམིགས་འབེན་ལྟར། “དམངས་ནི་རྩ་བར་འཛིན་པ་དང་། དམངས་ཀྱི་དཀའ་ཁག་སེལ་རོགས་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བ”ཞེས་པའི་བྱ་བའི་རྩ་དོན་སྲུང་འཛིན་བྱས་པས། བྱ་བ་མང་པོ་ཐད་ནས་ཐོལ་བརྒལ་གསར་བ་བྱུང་།

མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཐད་ཤུགས་སྣོན་པ་དང་། ལོ་སྟོད་ལ་རྫོང་ཡོངས་ནས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མྱོང་མཁན2976ཡོད་ལ། འགན་སྲུང་ལག་དངུལ་བསྡོམས་པས་སྒོར་ཁྲི3642108བཏང་ཞིང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་མྱོང་མཁན19725ཡོད་པ་དང་། འགན་སྲུང་མ་དངུལ་སྒོར་ཁྲི9677208བཏང་། གནམ་ལོ་གསར་བ་དང་ལོ་སར་སྐབས་སུ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་ལ་འཚམས་འདྲི་ལག་དངུལ་སྒོར་ཁྲི175བཏང་ཞིང་། ཤང་དང་གྲོང་རྡལ་སོ་སོས་ཡར་ཞུ་བྱས་པའི་མཁར་གྲོང་གི་སྨན་བཅོས་རོགས་སྐྱོར་སྙན་ཞུ་ལྟར། ལོ་སྟོད་ལ་མཁར་གྲོང་གི་སྨན་བཅོས་རོགས་སྐྱོར་ལག་དངུལ་སྒོར་ཁྲི25དང་། ཞིང་སྡེའི་སྨན་བཅོས་རོགས་སྐྱོར་ལག་དངུལ་སྒོར67བཅས་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག