མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ལས་རིགས་སློབ་གསོ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-29 11:01

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་ལག་བསྟར་བྱས་པ་ནས་བཟུང་།  སེམས་ཀྱི་ཉི་ཟླ་རྫོང་ལས་རིགས་ལག་རྩལ་སློབ་གླིང་དང་བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་གཉིས་ནི་གཞུང་སྒྲུབ་ཁང་གཅིག་ཡིན་པ་དང་། སློབ་གྲྭ་གཉིས་མཉམ་དུ་སྒྲུབ་པའི་དོ་དམ་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་སྒོས་སློབ་གྲྭ་སྒྲུབ་པའི་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་ནས།  ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ།  ལས་རིགས་གསོ་སྦྱོང་བཅས་གཞི་གཅིག་ཏུ་བསྡུས་པའི་ལས་རིགས་སློབ་གསོ་རྟེན་གཞི་རུ་གྱུར། 

མིག་སྔར་རྟེན་གཞི་འདི་རུ་སློབ་གྲྭ་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གསོ་ཆེད་ལས26ཡོད་པ་དང་།  དེའི་ནང་ཐོག་མའི་སློབ་གསོ་དང་སྨན་བཅོས་བདག་སྐྱོང་།  ཞིང་ལས་དང་ནགས་ལས།  ཕྱུགས་ལས། རྩིས་གཉེར།  གནས་སྐོར།  གཏེར་རྫས་སོགས་ཆེད་ལས་འདུས་ཤིང་། ཧུར་ཐག་སྒོས“ཡུན་ནན་ཞིང་ཆེན་དབུལ་ཕོངས་ས་ཁུལ་གྱི་རྩོལ་ཤུགས་ཕྱིར་གཏོང་གསོ་སྦྱོང་དཔེ་སྟོན་རྟེན་གཞི”འཛུགས་སྐྲུན་བྱས་ཏེ།  ནུས་ཤུགས་ཡོད་ཚད་སྤྱད་ནས་ལས་རིགས་ནུས་རྩལ་གསོ་སྦྱོང་བྱས་པ་དང་།  ཕན་འབྲས་ལྡན་པའི་སྒོ་ནས་ལས་རིགས་སོ་སོའི་ཆེད་ལས་མི་སྣའི་ནུས་རྩལ་མཐོར་འདེགས་སུ་བཏང་བ་བརྒྱུད།  ཞིང་སྡེའི་རྩོལ་ཤུགས་ལྷག་མ་ཕྱིར་གཏོང་བྱེད་པར་རྒྱབ་སྐྱོར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག