མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་རྫོང་སྲིད་གྲོས་ཀྱིས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-29 11:00

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྲིད་གྲོས་ཁ་གཏད་རོགས་སྐྱོར་བྱེད་ཡུལ་ཐའོ་ཐའོ་ཤང་ཐའོ་ཏིན་སྡེ་བར་སོང་ནས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོར་འབྲས་དང་འཚམས་འདྲིའི་སྒོར་མོ་བྱིན་པ་མ་ཟད། ད་དུང་ཁོ་ཚོར་ལོ་སར་གྱི་རྟེན་འབྲེལ་ཞུས།

ཉེན་དེར། ལས་བྱེད་མི་སྣས་དབུལ་ཕོངས་མང་ཚོགས་མཉམ་དུ་བསྡུས་ནས། གཅིག་གྱུར་གྱིས་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། ལས་བྱེད་མི་སྣ་དང་མང་ཚོགས་ཚོས་ཁ་བརྡ་བྱས་ཏེ། ཁོ་ཚོའི་ཁྱིམ་ཚང་གི་འཚོ་བ་དང་ཐོན་སྐྱེད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། ཁོ་ཚོར་འཚོ་བའི་ཡིད་ཆེས་དང་ད་ལྟའི་དཀའ་ངལ་སེལ་པར་ཡར་སྐུལ་བཏང་ཞིང་། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་སོ་སོས་རོགས་སྐྱོར་བྱས་པ་དང་། རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ད་ལྟའི་དཀའ་ངལ་སེལ་ཐུབ་པ་མ་ཟད་འཚོ་བ་ཉིན་རེ་ལས་ཇེ་བཟང་ཡིན་པར་ཡིད་ཆེས་ཡོད་དགོས་ཟེར།

ཐེངས་འདིའི་འཚམས་འདྲི་སྐབས་སུ་ས་དེའི་མང་ཚོགས་ལ་འཚམས་འདྲི་དངོས་རྫས་བྱིན་པ་མ་ཟད། གཙོ་བོ་ཏང་དང་སྲིད་གཞུང་གི་དྲོད་ཁོལ་དཀའ་ངལ་མང་ཚོགས་ཀྱི་སེམས་སུ་བསྐྱལ་བ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག