མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་བའི་དཔེ་ཁང72འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-25 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཞིང་བའི་དཔེ་ཁང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཧུར་ཐག་སྒོས་ཞིང་བའི་དཔེ་ཁང་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་ཞིང་།  མིག་སྔའི་བར་དུ་ཞིང་བའི་དཔེ་ཁང72འཛུགས་སྐྲུན་བྱས་པ་དང་།  དཔེ་ཆ138000ཉར་ཚགས་བྱས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན།  ཞིང་བའི་དཔེ་ཁང་རེ་ནས་དཔེ་ཆ་སྣ་ཁ1200དང་ཚགས་པར་སྣ་ཁང2།  དུས་དེབ་སྣ་ཁ18།  སྒྲ་བསྐྱེད་ཐོན་རྫས་དང་གློག་རྡུལ་པར་སྐྲུན་དངོས་རྫས་བརྒྱ་ལྷག་བཅས་བཀོད་སྒྲིག་བྱས་ཡོད་པར་ཕན་འབྲས་ལྡན་པའི་སྒོ་ནས་རྒྱ་ཆེའི་ཞིང་བ་མང་ཚོགས་རྣམས་ཀྱིས“དཔེ་ཆ་ཉོ་དཀའ་བ་དང་།  དཔེ་ཆ་ཀློག་དཀའ་བའི”གནད་དོན་ཐག་བཅད་པ་རེད། 

 ཞིང་བའི་དཔེ་ཁང་དམངས་ཕན་བཟོ་འགོད་ལག་བསྟར་བྱས་པ་ལས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། མང་ཚོགས་ཀྱི་བྱང་ཚད་མཐོར་འདེགས་སུ་བཏང་བ་མ་ཟད།  སྔོན་ཐོན་རིག་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དང་།  ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག