མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ལོ་སར་སྔོན་གྱི་རོགས་སྐྱོར་བྱེད་ཡུལ་ལ་འཚམས་འདྲི་བྱེད་པའི་བྱ་བ་མཇུག་རྫོགས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-25 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུའུ་དང་།  རྫོང་གཉིས་སྐྱོར་གཞུང་སྒྲུབ་ཁང་གི་ལས་བཟོ་བ་ཡོངས་བྱ་བའི་ཚན་ཆུང་གསུམ་དུ་བགོས་ནས།  དུས་ཡུན་ཉིན15རིང་རྫོང་ཡོངས་ཀྱི་ཞིང་སྡེའི་ཨུ་ཡོན་ལྷན་ཁང61ཏུ་རོགས་སྐྱོར་བྱེད་ཡུལ་བཞུགས་མོལ་ཚོགས་འདུ་ཐེངས61ལ་སྤེལ་བ་དང་། ཚོགས་ཞུགས་མི་གྲངས2700ལྷག་ལ་འཚམས་འདྲི་ལག་དངུལ་སྒོར་ཁྲི293100དང་།  རྗེས་དྲན་ལག་སྐྱེས2278འགྲེམ་གཏོང་བྱས་པ་བཅས་རོགས་སྐྱོར་བྱེད་ཡུལ་ལ་ཏང་དང་རྒྱལ་ཁབ།  རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་རྣམས་ཀྱིས་ཐུགས་ཁུར་དང་དུས་ཆེན་ཀྱི་བཀྲ་ཤིས་སྨོན་འདུན་ཞུས། 

འཚམས་འདྲི་ཚན་ཆུང་གིས་ད་དུང་རོགས་སྐྱོར་བྱེད་ཡུལ་ལ་ཉེ་བའི་ལོ་འགའི་རིང་གི་དམངས་སྲིད་རོགས་སྐྱོར་བྱ་བ་དང་།  གཉིས་བཀུར་བྱ་བ། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་སྨན་བཅོས་རོགས་སྐྱོར་སོགས་དམངས་ཕན་སྲིད་ཇུས་དང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པའི་དགོངས་དོན་དྲིལ་བསྒྲགས་བྱས། 

ཚོགས་ཞུགས་རོགས་སྐྱོར་བྱེད་ཡུལ་ཚོས་དེང་སྐབས་ཀྱི་འཚོ་བ་དང་།  སྡོད་ཁང་།  ལུས་ཁམས་བདེ་ཐང་གནས་ཚུལ་སོགས་མཚམས་སྦྱོར་བྱས་པ་མ་ཟད།  རོགས་སྐྱོར་བྱ་བར་བསམ་འཆར་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག