མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མཐོ་སྒང་གི་བུ་བུ་མོའི་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི9600འགྲེམ་གཏོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-01-25 10:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2012ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ཆད་མེད་པར་སློབ་གསོའི་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པར་ཤུགས་སྣོན་པ་དང་།  ལོ་ཡོངས་སུ་འོས་འགན་སློབ་གསོ་མྱོང་བཞིན་པའི་མཐོ་སྒང་གི་བུ་བུ་མོའི་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི9657.97འགྲེམ་གཏོང་བྱས། 

མཚམས་སྦྱོར་བྱས་པ་ལྟར་ན།  2012ལོར།  བདེ་ཆེན་ཁུལ་གྱི་བུ་བུ་མོའི་སློབ་མར་འཚོ་བའི་ཁ་གསབ་རོགས་སྐྱོར་བྱེད་པར་སློབ་ཆུང་གི་སློབ་མར་སློབ་སྐབས་རེར་སྒོར2400དང་།  དམའ་འབྲིང་གི་སློབ་མར་སློབ་སྐབས་རེར་སྒོར2600ཇེ་མཐོར་བཏང་། 

ཁུལ་ཡོངས་ཀྱི་དཔྱིད་ཀའི་སློབ་འགོ་ཚིགས་པའི་ཁ་གསབ་རོགས་དངུལ་འགྲེམ་གཏོང་ཁྲོད་སློབ་གྲྭ་འབྲིང་ཆུང་འགྲིམ་བཞིན་པའི་མཐོ་སྒང་གི་བུ་བུ་མོའི་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི4931.59བཀོད་སྒྲིག་བྱས་པ་དང་།  དེའི་ནང་སློབ་ཆུང་སློབ་མ26711དང་།  རོགས་དངུལ་སྒོར་ཁྲི3205.32།  དམའ་འབྲིང་སློབ་མ13279དང་།  རོགས་དངུལ་སྒོར་ཁྲི1726.27བཅས་འགྲེམ་གཏོང་བྱས།  སྟོན་ཁའི་སློབ་འགོ་ཚིགས་པའི་ཁ་གསབ་རོགས་དངུལ་འགྲེམ་གཏོང་ཁྲོད་སྒོར་ཁྲི4726.38བཀོད་སྒྲིག་བྱས་པ་དང་།  དེའི་ནང་སློབ་ཆུང་སློབ་མ26068དང་།  རོགས་དངུལ་སྒོར་ཁྲི3128.16།  དམའ་འབྲིང་སློབ་མ12294དང་།  རོགས་དངུལ་སྒོར་ཁྲི1598.22བཅས་འགྲེམ་གཏོང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག